62201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་བ་ (1)
Part of speech མིང་ཚིག
Definition ཉི་མ་ནས་འོད་ཕྱིར་ལྡོག་སྟེ་མཚན་མོ་ནམ་མཁའི་དབྱིངས་སུ་འོད་ཟེར་སྤྲོ་ཞིང་། སའི་གོ་ལར་སྐོར་བ་རྒྱག་མཁན་གྱི་སྐར་མ་ཞིག
Keyword True
Example ཟླ་བའི་འོད་ཟེར། ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ།
Synonyms ཙནྡྲཿསྟེ། སིམ་བྱེད། ཀ་ཏ་པུར་འཛག ག་བུར་འཛིན་པ། ག་བུར་དབང་པོ། ཀུན་ཕན། ཀུན་འཛིན། སྐར་མ་འཚེ། དཀྱིལ་འཁོར་ཅན། གྲིབ་མའི་ལུས། དྲི་མ་ཅན། འགྲིབ་བྱེད། རང་ནུབ། འགྲོ་བྱེད། རྒྱ་མཚོ་སྐྱེས། མཚོ་སྐྱེས། ཆུ་སྐྱེས། ཆུ་ལས་སྐྱེས། རྒྱ་མཚོ་དགའ། རྒྱ་མཚོའི་མར་གསར། རྒྱལ་བྱེད། རྒྱུ་སྐར་རྒྱལ་པོ། རྒྱུ་སྐར་དབང་ཕྱུག རྒྱུ་སྐར་དབང་པོ། རྒྱུ་སྐར་བདག་པོ། རྒྱུ་སྐར་གཙོ་བོ། སྐར་མའི་རྒྱལ་པོ། རྒྱུ་སྐར་མུ་ཁྱུད། རྒྱུ་སྐར་ཕྲེང་ཅན། གཟའ་ཡི་མུ་ཁྱུད། མུ་ཁྱུད་ཅན། གཅིག་སྐྱེས། བཅུ་དྲུག་ཆ། བཅུ་དྲུག་ཆ་ལྡན། ཆ་གཏེར། ཆ་ཤས་ཅན། ཆ་ཤས་སྡེ། ཆ་ལུས། ཆ་ཤས་རིམ་རྫོགས། ཆ་ཤས་རིམ་འཛད། ཆགས་སྐྱེས། ཆགས་བྱེད། ཆུ་ཤེལ་དབང་པོ། མཆོག་མཛེས་དབང་པོ། གཉིས་སྐྱེས་རྒྱལ་པོ། གཉིས་སྐྱེས་དབང་པོ། སྟེང་འཕུར། འགྲོ་བྱེད། བདུད་རྩི་སྤྲོ། བདུད་རྩིའི་འོད་ཅན། མཆོད་སྦྱིན་བདག་པོ། བདུད་རྩིའི་དབང་ཕྱུག བདུད་རྩིའི་འབྱུང་གནས། བདུད་རྩིས་མཚན། བདེ་འབྱུང་གཙུག་རྒྱན། དྲག་པོའི་གཙུག་རྒྱན། མིག་གསུམ་གཙུག་ནོར། མིག་གསུམ་འཛིན། གསུམ་དགའ། ཐོས་ལྡན་དབང། རྡུལ་གྱིེ་ཐིག་ལེ། རྙོག་མ་ཅན། རྡུལ་ཅན། ན་ཚོད་ཅན། ནད་ཅན། ནམ་མཁའི་རྣ་བ། སྣང་ལྡན། མུན་སེལ། རྣམ་པར་སྣང་བྱེད། མུན་པའི་དགྲ། མུན་འཇོམས། སྣར་མའི་བདག་པོ། ཕྱོགས་སྐྱེས། འཕྲོག་བྱེད། འབྱེད་མཁས། རྩི་དབང་། རྩི་ཡི་དབང་ཕྱུག སྨན་གྱི་དབང་པོ། བརྩེ་བ་ཅན། ཚེས་བདག མཚན་མོའི་མགོན། སྲུང་བྱེད། མཚན་མོའི་བདག་པོ། མཚན་མོའི་ནོར་བུ། མཚན་མོར་བྱེད་པ། མཚན་མོའི་བྱེད་པོ། འཚོ་བྱེད། ཁྱད་པར་འཐུང་། འོད་དཀར་ཅན། དཀར་པོ། དཀར་ལྡན། རྟ་དཀར། ཡོངས་འགྲིབ། རི་བོང་མཚན་མ། རི་དྭགས་རྟགས་ཅན། རི་བོང་འཛིན། རི་བོང་གྲིབ་མ་ཅན། རི་དྭགས་མཚན་པ། རི་དྭགས་གྲིབ་མས་མཚན་པ། རི་བོང་གྲིབ་མ་འཛིན་པ། རི་དྭགས་གཟུགས་ཀྱིས་མཛེས་པ། རི་དྭགས་རྣ་བ་འཛིན། ལོ་ཡི་མཛོད། ལོ་ཡི་ཡན་ལག ཤེལ་གྱི་ཐིག་ལེ། ཆུ་སྒོང་། གཤེར་ལྡན། སྲིད་བྱེད། སྲིད་ལྡན། བསིལ་སྦྱིན་མཁན། བསིལ་བྱེད། བསིལ་ལྡན། བསིལ་ཟེར་ཅན། སིམ་འོད་ཅན། གསལ་བའི་བུ་མོའི་བདག་པོ།

{{#arraymap:ཟླ་བ་

|; |@@@ | | }}

ཟླ་བ་ (2)
Part of speech མིང་ཚིག
Definition གཟའ་ཟླ་བའི་བསྡུས་མིང་སྟེ། གཟའ་འཁོར་གཅིག་ནང་གི་རེས་གཟའ་ཉི་མའི་སྔོན་དང་མིག་དམར་རྗེས་ཀྱི་ཉིན།
Example གཟའ་ཟླ་བའི་ཉིན་ལས་ཀ་ཡོད་ལྟ་བུ།

{{#arraymap:ཟླ་བ་

|; |@@@ | | }}

ཟླ་བ་ (3)
Part of speech མིང་ཚིག
Definition དུས་ཡུན་ཉིན་ཞག་སུམ་ཅུའི་རིང་སྟེ། ལོ་གཅིག་དུས་ཡུན་ཆ་བཅུ་གཉིས་སུ་བགོས་པའི་ཆ་ཤས་གཅིག
Example ཟླ་བ་ལྔ་པའི་ནང་ང་ཕྱི་རྒྱལ་ལ་འགྲོ་དགོས། ཟླ་བ་གཅིག་རིང་སློབ་གྲྭ་གུང་སེང་རེད་ལྟ་བུ།
Synonyms འཇལ་བྱེད། ཉིན་ཞག་ཚོགས་པ། ཕྱོགས་གཉིས་བསྡོམས་པ། ཕྱོགས་ཅན། དབུགས་སྐྱེས། ཚེས་ཟླ། ལོ་ཡི་ཆ་ཤས། ལོ་ཡི་ཡན་ལག ལོ་ཡི་མཛོད།

{{#arraymap:ཟླ་བ་

|; |@@@ | | }}

ཟླ་བ་ (4)
Part of speech མིང་ཚིག
Definition གྲངས་ཀ་གཅིག་སྟེ། ནམ་མཁར་ཟླ་བ་གཅིག་ལས་མེད་པས་དེ་ལྟར་བཏགས།
Type མངོན་བརྗོད།

{{#arraymap:ཟླ་བ་

|; |@@@ | | }}

ཟླ་བ་ (5)
Part of speech མིང་ཚིག
Definition ཁུ་བའི་མིང་སྟེ། ཟླ་བའི་མདངས་ལྟར་དཀར་བས་དེ་ལྟར་བཏགས།

{{#arraymap:ཟླ་བ་

|; |@@@ | | }}

ཟླ་བ་ (6)
Part of speech མིང་ཚིག
Definition སྐར་རྩིས་སུ་རིགས་གསུམ་ལ་གསུངས་ཏེ། ༡ རི་བོང་ཅན་ལྟ་བུ་གཟུགས་ཀྱི་ཟླ་བ་དང་། ༢ དབྱར་ཟླ་རབ་འབྲང་སོགས་དུས་གཟེར་གྱི་ཟླ་བ་དང་། ༣ ཟླ་བ་འཕེལ་འགྲིབ་ཀྱི་ཡུན་ཚད་ཀྱི་ཆ་ནས་བཞག་པའི་དུས་ཡུན་ཙམ་གྱི་ཟླ་བ་དང་གསུམ། དུས་ཡུན་ཙམ་གྱི་ཟླ་བ་ནི། ཉིན་བྱེད་སྣང་བ་ལས། ཟླ་བའི་དཀར་ཆ་འཕེལ་དང་འགྲིབ། །བཅོ་ལྔ་རེ་སྟེ་ཞག་སུམ་ཅུར། །ལོངས་ཚེ་ཟླ་བའི་ཐ་སྙད་བཏགས། །ཞེས་གསུངས།
Domain རྩིས་རིག

{{#arraymap:ཟླ་བ་

|; |@@@ | | }}

ཟླ་བ་ (7)
Part of speech མིང་ཚིག
Definition མངོན་པ་མཛོད་ལྟར་ན་སེམས་ཅན་ཐུན་མོང་བའི་ལས་དབང་གིས་བར་སྣང་ན་འཆར་བའི་རྒྱུ་སྐར་ཞིག་སྟེ། རི་རབ་ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་དཔག་ཚད་བཞི་ཁྲིའི་སྟེང་ན་འཕུལ་བར་བྱེད་པའི་རླུང་དག་གྲུབ་སྟེ། རི་རབ་ལ་རླུང་གིས་འཁོར་ལོ་བཞིན་དུ་འཁོར་རོ། །དེའི་གཞལ་མེད་ཁང་གི་འོག་གཞི་ནོར་བུ་ཆུ་ཤེལ་ལས་གྲུབ་པས་བསིལ་བར་བྱེད་པ་དང་། དེའི་ཐད་ཀར་དཔག་ཚད་ལྔ་བཅུ་དང་། མཐའ་སྐོར་དུ་དཔག་ཚད་བརྒྱ་དང་ལྔ་བཅུ་ཡིས་འཁོར་བའོ། །ཟླ་བའི་གཞལ་མེད་ཁང་ཉི་མ་དང་ནི་ཉེ་བ་ལས་དེའི་འོད་གཞལ་མེད་ཁང་ལ་འབབ། དེའི་ཕ་རོལ་གྱི་ངོས་སུ་རང་གི་གྲིབ་མས་འགྲིབ་པར་སྣང་བས་ཟླ་བ་འཕེལ་འགྲིབ་ཏུ་འགྱུར་རོ། །ཟླ་བའི་འོད་ནི་ཉི་མའི་འོད་རང་སྟེང་དུ་ཕོག་པ་ལས་སླར་འཕྲོས་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཟླ་བ་

|; |@@@ | | }}