62225

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་བ་ཚེས་པ་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཕྱིན་དྲུག་གི་སྒོ་ནས་བྱང་ཕྱོགས་སོ་བདུན་ལ་གདུལ་བྱ་འགོད་པའི་ལྷག་པའི་བསམ་པ་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། ཡར་ངོའི་ཟླ་བ་ཚེས་པ་ལྟ་བུ་ཡིན་ཏེ། ཁྱོད་དགེ་བའི་ཆོས་མཐའ་དག་འཕེལ་བར་བྱེད་པ་ཡིན་པའི་ཕྱིར། ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། དྲན་པ་ཉེར་གཞག་སྒོམ་པར་འདོད་པའི་ལྷག་པའི་བསམ་པ་དང་ལྡན་པ་ནི། ཡར་ངོའི་ཟླ་བ་ཚེས་པ་ལྟ་བུ་སྟེ། བྱང་ཕྱོགས་སོ་བདུན་སོགས་དགེ་བའི་ཆོས་མཐའ་དག་གོང་ནས་གོང་དུ་འཕེལ་བར་འགྱུར་བས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཟླ་བ་ཚེས་པ་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}