62238
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་གཞན་ལ། ཡཀྵ་འོག་མ་ཟེར། བསམ་ཡས་གཙུག་ལག་ཁང་གི་གླིང་ཕྲན་དག་གི་ནང་མི་ཐེ་བའི་ལྷ་ཁང་ཞིག་སྟེ། ཉི་ཟླ་རྣམ་གཉིས་ལ་དཔེ་བྱས་ཏེ་ཡག་ཤ་གོང་འོག་གཉིས་ལས་ཡག་ཤ་འོག་མའམ་ཟླ་བ་ལྷ་ཁང་དུ་དབུས་སུ་བསྟན་པའི་བདག་པོ་རྒྱལ་བ་ཤཱཀྱ་ཐུབ་པ། དེའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། ཁྲོ་བོ་རྟ་མགྲིན། གཡོན་དུ་བྱང་ཆུབ་སེམས་དཔའ་བྱམས་པ་དང་། མཐུ་ཆེན་ཐོབ། ཕྱག་ན་རྡོ་རྗེ་བཅས་དང་། རྒྱུད་རིས་སུ་སྒྲོལ་མ་ཉེར་གཅིག་དང་ཆོས་སྐྱོང་གནོད་སྦྱིན་ནོར་བུ་བཟང་པོ་བཅས་སོ། ། |
{{#arraymap:ཟླ་བ་ལྷ་ཁང་
|; |@@@ | | }}