62242
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཟླ་བཟང་ངེས་དོན་བསྟན་པ་རབ་རྒྱས་ནི་ཕྱི་ལོ་ ༡༨༠༨ རབ་བྱུང་བཅུ་བཞི་པའི་ས་ཕོ་འབྲུག་གི་ལོར་ནང་ཆེན་དཔལ་ཁ་རུ་འཁྲུངས། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཟླ་བཟང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་། སྐུ་ན་ཆུང་ངུ་ནས་ཡབ་ཀྱི་མདུན་ནས་འབྲི་ཀློག་སོགས་བསླབས། གོང་མའི་གདན་སར་ཁྲི་བཀོད་མ་ཐུབ་པར་བརྟེན་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀའ་ལྟར་གདན་ས་དཔལ་སྤུངས་སུ་ཞབས་སོར་བཀོད། ཕྱི་ལོ་ ༡༨༡༩ དགུང་གྲངས་བཅུ་གཉིས་སོན་པ་ས་ཡོས་ལོར། སི་ཏུ་པདྨ་ཉིན་བྱེད་དབང་པོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་སུ་མཚན་གསོལ། སི་ཏུ་པདྨ་ཉིན་བྱེད་དབང་པོ། ཀརྨ་པ་ཐེག་མཆོག་རྡོ་རྗེ། དབོན་ཀརྨ་ཐེག་མཆོག་བསྟན་འཕེལ། སྦས་པའི་རྣལ་འབྱོར་ཆེན་པོ་ནོར་བུ་རྣམ་གཉིས། གནས་མདོ་ཀརྨ་ཡན་ཡག་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་དང་། ནཱ་རོ་ཆོས་དྲུག མདོ་རྒྱུད་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་ཚུལ་བཞིན་གནང་། དཔལ་སྤུངས་ནཱ་རོའི་སྒྲུབ་ཁང་ཆེན་མོར་ལོ་གསུམ་ཕྱོགས་གསུམ་བཞུགས་པས་གྲུབ་པའི་གོ་འཕང་བརྙེས། མེ་ཕག་ལོར་སི་ཏུ་པདྨ་ཉིན་བྱེད་དབང་པོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྔ་ཕྱིར་སྤོང་དག་ལན་གཉིས་མཛད། དམར་ཟས་སྤང་པ་སོགས་བཅས་རང་ཉེས་ལྟུང་གི་དྲི་མས་མ་གོས་པར་འདུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་པས་འདུལ་འཛིན་གྱི་ཁྱུ་མཆོག་ཏུ་གྱུར། སི་ཏུ་པདྨ་ཉིན་བྱེད་དབུས་ཕྱོགས་སུ་ཕེབས་སྐབས་ཞབས་ཞུས་བསྒྲུབས། ཞོར་དུ་གནས་སྐོར་དུ་ཕེབས། སྔོན་དབུས་སུ་ཕེབས་སྐབས་སི་ཏུ་པདྨ་ཉིན་བྱེད་མདུན་མཚམས་ཉམས་ལེན་ཁོ་ན་ཆོག་པའི་སྙན་ཞུས་ཕུལ་བ་ལྟར། དགུང་ལོ་ཉེར་དྲུག་སྐབས་དཔལ་སྤུངས་སྒྲུབ་ཁང་དུ་ཐེམ་སྤང་གི་དམ་བཅའ་ལ་བཞུགས་ནས་ཉམས་ལེན་ཆུ་བོའི་རྒྱུན་ལྟར་མཛད། སི་ཏུ་པདྨ་ཉིན་བྱེད་ཀྱིས་ དཔལ་སྤུངས་གདན་སའི་མཁན་ཆེན་དུ་མངའ་གསོལ། གཞུང་ལུགས་རྒྱུད་སྡེ་མན་ངག་རྒྱ་མཚོ་གཞན་ལ་གནང་རྒྱུ་དང་རང་ཉིད་ཀྱི་གསན་བསམ་ཉིན་མཚན་བར་མེད་དུ་མཛད། སློབ་ཚོགས་རྣམས་ཀྱི་མོས་བློ་དང་བསྟུན་ནས་སྡོམ་པ་གནང་། སི་ཏུ་པདྨ་ཉིན་བྱེད་ཀྱི་ཞལ་ཆེམས་ལྟར་ཆུ་གླང་ལོར་འོག་མིན་ཀརྨའི་གདན་སར་ཉམས་གསོ་གོང་འཕེལ་དང་བསྟན་རྩ་དགེ་འདུན་གྱི་སྡེར་དགེ་ཚུལ་སློང་གི་སྡོམ་པ་དང་ཆོས་དྲུག་ཕྱག་ཆེན་གཙོས་པའི་ཁྲིད་རིམ་གནང་བ་སོགས་རྒྱལ་བསྟན་ཉམས་གསོ་གོང་འཕེལ་མཛད། མཐར་ཕྱི་ལོ་ ༡༨༦༧ ལོར་སྐུ་གཤེགས། བླ་སློབ་གཉིས་ཀར་གྱུར་པ་འཇམ་མགོན་བློ་གྲོས་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་དང་། ཞལ་སློབ་ནི། སི་ཏུ་པདྨ་ཀུན་བཟང་། མཁན་ཆེན་བཀྲ་ཤིས་འོད་ཟེར། གཏེར་ཆེན་མཆོག་གྱུར་གླིང་པ། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། ས་བཅུ་བསྟན་འཛིན་བྱང་ཆུབ་ཉི་མ་ལ་སོགས་པའོ། ། |
Domain | ཆོས་ལུགས། |
{{#arraymap:ཟླ་བཟང་ངེས་དོན་བསྟན་པ་རབ་རྒྱས་
|; |@@@ | | }}