62257
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁྲི་སྒོ་བཅུ་གཉིས་ཀྱི་ཡ་གྱལ་དགྲ་ཁྱིམ་གཞོམ་པའི་ནང་གསེས་ཤིག་སྟེ། བུ་མོ་སུ་ཞིག་བག་མར་འགྲོ་དུས་ཀྱི་ཟླ་བའི་སྲོག་ཁམས་ཀྱིས་རང་གི་སྐྱེས་ཟླའི་སྲོག་ཁམས་གཅོད་པ་དགྲར་འགྲོ་བ་ལ་ཟེར་ཞིང་། དགྲ་ཁྱིམ་གཞོམ་པའི་ཟླ་བ་དེར་ཁ་སྒོ་དབྱེ་བ་སྟེ་བག་མར་བརྫངས་ན་བཟང་བར་བཤད། དཔེར་ན་བག་མའི་སྐྱེས་ཟླ་དཔྱིད་ར་སྟག་ཡིན་པར་ཆ་བཞག་ན། སྟག་གི་སྲོག་ཁམས་ཤིང་དགྲ་ལྕགས་ཡིན་པས། ལྕགས་སྲོག་ཁམས་ཡིན་པའི་སྟོན་ར་སྤྲེལ་དང་སྟོན་འབྲིང་བྱ་གཉིས་ནི་དགྲ་ཁྱིམ་གཞོམ་པའི་ཟླ་བ་ཡིན་ལ། དེ་གཉིས་ལས་ཀྱང་སྐྱེས་ཟླ་སྟག་གི་བདུན་ཟུར་སྤྲེལ་ཡིན་པས་སྤྲེལ་ཟླ་ཁྱད་པར་དུ་བཟང་བ་ལྟ་བུ་ཡིན། |
Domain | རྩིས་རིག |
{{#arraymap:ཟླ་བའི་དགྲ་ཁྱིམ་གཞོམ་པ་
|; |@@@ | | }}