62258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་བའི་དབང་ཐང་ (1)
Part of speech མིང་ཚིག
Definition ཟླ་བ་བཅུ་གཉིས་རྩི་བྱེད་ལོ་འགྲོས་བཅུ་གཉིས་པོའི་དབང་ཐང་ལ་ཟེར་ཞིང་། དེ་ཡང་གནམ་ལོ་མ་ལ་ཟླ་བ་བུ་ཟེར་བས་གནམ་ལོའི་དབང་ཐང་གི་བུ་ལུགས་འདིའི་ཟླ་བའི་ཐོག་མ་དཔྱིད་ར་སྟག་ཟླའི་དབང་ཐང་དུ་སྦྱར་བ་ནས་བུ་འདེད་ལ་སྦྲགས་འདེད་བྱས་ན། ལོ་དེ་ཉིད་ཀྱི་ཟླ་བ་སོ་སོའི་དབང་ཐང་འཁྲུལ་མེད་དུ་རྙེད་པ་ཡིན། གལ་སྲིད་གནམ་ལོའི་དབང་ཐང་ཤིང་ཡིན་པར་ཆ་བཞག་ན། ལོ་དེའི་ཟླ་བའི་ཐོག་མ་ཕོ་ལོ་སྟག་ཟླའི་དབང་ཐང་གནམ་ལོའི་དབང་ཐང་ཤིང་བུ་མེ་དང་། ཕོ་མོ་སྦྲགས་འདེད་བྱེད་དགོས་པས་མོ་ལོ་ཡོས་ཟླའི་དབང་ཐང་ཡང་མེ་རང་ཡིན། དེ་ནས་རིམ་འདེད་བྱས་ན་སྦྲགས་མ་འབྲུག་སྦྲུལ་ཟླ་བའི་དབང་ཐང་མེ་བུ་ས་དང་། རྟ་ལུག་ཟླ་བའི་དབང་ཐང་ས་བུ་ལྕགས། སྤྲེལ་བྱ་ཟླ་བའི་དབང་ཐང་ལྕགས་བུ་ཆུ། ཁྱི་ཕག་ཟླ་བའི་དབང་ཐང་བུ་མེ་བཅས་ཡིན་པ་ལྟ་བུ་ཡིན། འདི་ལྟར་ལོ་རེའི་ཟླ་བ་བཅུ་གཉིས་ལས་སྟག་ཡོས་བྱི་གླང་བཞིའི་དབང་ཐང་གནམ་ལོའི་དབང་ཐང་གི་བུ་དང་། འབྲུག་སྦྲུལ་གཉིས་ཀྱི་དབང་ཐང་གནམ་ལོའི་དབང་ཐང་གི་གྲོགས། རྟ་ལུག་གཉིས་ཀྱི་དབང་ཐང་གནམ་ལོའི་དབང་ཐང་གི་དགྲ། སྤྲེལ་བྱ་གཉིས་ཀྱི་དབང་ཐང་གནམ་ལོའི་དབང་ཐང་གི་མ། ཁྱི་ཕག་གཉིས་ཀྱི་དབང་ཐང་གནམ་ལོའི་དབང་ཐང་རང་བཅས་ཡིན་པས། རིག་པ་འདི་ལ་ཟླ་བའི་དབང་ཐང་བདེ་བླག་ཏུ་འཚོལ་བའི་མན་ངག་ཟེར་བ་ཡིན།
Domain རྩིས་རིག

{{#arraymap:ཟླ་བའི་དབང་ཐང་

|; |@@@ | | }}