62289

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་བའི་རྐང་སྡོམ་ (1)
Part of speech མིང་ཚིག
Definition ཟླ་བའི་རྐང་ཆོག་བྱེད་སྐབས་རྐང་འཛིན་གྱིས་བཟུང་བྱའི་རེའུ་ཁང་ཞིག་སྟེ། སྔ་རྐང་བདུན་གྱི་སྐབས་ལྔ་རེ་ལྔ་རེ་འཕེལ་ནས་ཐ་མ་ཉེར་ལྔ་དང་། ཕྱི་རྐང་བདུན་གྱི་སྐབས་སུ་ཉེར་ལྔའི་གྲངས་ནས་ལྔ་རེ་ལྔ་རེ་འགྲིབ་ནས་ཐ་མ་ཀླད་གོར་བཅས་རེའུ་ཁང་བཅུ་བཞི་ཡོད། དེ་ནི་ཉིན་རེའི་ཚེས་ཀྱི་འཕེལ་འགྲིབ་ལོངས་སྤྱོད་ཀྱི་ཆུ་ཚོད་ཡིན་པས་གཟའ་བར་བའི་ཆུ་ཚོད་ལ་སྣོན་འཕྲི་བྱས་ཏེ་སྔ་མའི་རྒྱུན་ལ་སྡོམ་བྱེད་དམ་འབྲེལ་བྱེད་ཀྱང་ཡིན་ལ། རྐང་པའི་སྒྱུར་བྱེད་ཀྱི་ཨང་རིམ་རྣམས་རིམ་བཞིན་སྔ་མ་སྔ་མར་བསྣན་ཏེ་སྡོམ་པའམ་ཕྲིས་ཏེ་སྡོམ་པའི་གྲངས་ཡིན་ཕྱིར་དེ་སྐད་གྲགས། རིགས་ལྡན་སྙིང་ཐིག་ལས། རྐང་སྡོམ་ཆུ་ཚོད་གནས་སུ་བཀོད། །ཅེས་དང་། རྩིས་གཞུང་ཉིན་བྱེད་སྣང་བ་ལས། དེ་ཡང་སྔ་རྐང་ཟོས་ཟིན་དང་། །ཕྱི་རྐང་ཟ་རྒྱུ་སྡོམ་བྱ་སྟེ། །ཞེས་བྱུང་།
Domain རྩིས་རིག

{{#arraymap:ཟླ་བའི་རྐང་སྡོམ་

|; |@@@ | | }}