62301

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་བཤོལ་འབྱུང་བའི་རྒྱུ་མཚན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ལུང་གླེང་གཞིར། དེ་ལྟ་བས་ན་ལོ་རེ་རེ་བཞིན་བཤོལ་མ་བོར། ལོ་དྲུག་དྲུག་ཅིང་བཤོལ་དོར་ཅིག དྲུག་ལྔ་སུམ་ཅུ་སྟེ་དེ་ལྟ་བུར་ཞག་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་དང་། ལོ་སྤྲེལ་མཉམ་པར་འགྱུར་ཏེ། མུ་སྟེགས་ཅན་རྣམས་ཀྱིས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ་ཞེས་གསུངས་པས་ལོ་ལྔ་ལྔའི་ཞག་དྲུག་དྲུག་ཏུ་བསགས་པས་ལོ་དྲུག་པ་ལ་ཟླ་བར་ལོངས་པ་འདོར་བའི་དབང་དུ་བྱས་པའོ། །དེ་ལྟར་འདོར་ཀྱང་མ་འགྲིག་པའི་ཚེ་ཟླ་བཤོལ་འདོར་བ་རྩིས་མཁན་གྱི་རྗེས་སུ་འབྲང་དགོས་ཤིང་། རྒྱལ་པོའི་དྲུང་ན་རྩིས་མཁན་རྣམས་ཡོད་པས་རྒྱལ་པོའི་རྗེས་སུ་འབྲང་བར་གསུངས་ཏེ། མདོ་རྩར། ཟླ་བཤོལ་འདོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱའོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་སོ་ཞེས་དང་། དེ་ཡང་དགེ་སློང་དག་དོན་ཉུང་ཞིང་བྱ་བ་ཉུང་ལ་ཀློག་པ་དང་སྤོང་བ་ལ་མངོན་པར་བརྩོན་པས་རྩིས་ཀྱི་རྣམ་གཞག་ཕལ་ཆེར་གྱིས་མི་ཤེས་ལ། ཟླ་བཤོལ་ལ་སོགས་པ་འཇིག་རྟེན་ན་གྲགས་པའི་རྗེས་སུ་འབྲང་དགོས་སོ་སྙམ་དུ་དགོངས་སོ། །དུས་འཁོར་བ་དག ཟླ་བ་སུམ་ཅུ་རྩ་ཕྱེད་དང་གསུམ་གསུམ་ན་བཤོལ་གྱི་ཟླ་བ་རེ་རེ་འབྱུང་བར་གསུངས་པ་དང་། ཊཱིཀ་ཆུང་དུ་ལོ་ཕྱེད་དང་གསུམ་གསུམ་ན་བཤོལ་གྱི་ཟླ་བ་རེ་རེ་འབྱུང་བར་གསུངས་པ་དང་། ཁ་ཅིག རྟ་བྱ་བྱི་བ་ཡོས་ལ་བཤོལ། །སྟོན་དབྱར་དཔྱིད་དགུན་འབྲིང་པོ་གཉིས། །སྔ་མ་བཤོལ་ཏེ་ཐུབ་པར་ངེས། །ཞེས་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྒྱལ་པོའི་ལུགས་བརྩིས་པ་ཡིན་གསུངས་པ་དང་། ཁ་ཅིག་དངོས་པོའི་ཆོས་ཉིད་ཡིན་གྱི་དེའི་རྒྱུ་མཚན་འགོད་མི་དགོས་སོ་ཞེས་པ་སོགས་ཡོད་ཀྱང་ཐ་སྙད་སྟོན་བདེ་བའི་ཆེད་དུ་ལོ་གསུམ་དང་། ཕྱེད་དང་གསུམ་དུ་བཤོལ་འབྱུང་བ་དང་། རྟ་བྱ་བྱི་བ་ཡོས་ལ་བཤོལ་འབྱུང་བ་སོགས་བརྗོད་པ་ཙམ་ལ་འགལ་བ་མེད་མོད་ཀྱི་མཐའ་གཅིག་ཏུ་ངེས་པ་ནི་དུས་ཀྱི་འཁོར་ལོའི་རྩིས་ཀྱི་རྗེས་སུ་འབྲང་དགོས་པས་སྟོན་པས་ཀྱང་རྒྱལ་པོའི་རྗེས་སུ་འབྲང་བར་གསུངས་པའི་གནད་འདི་ཉིད་ཡིན་ནོ། །འོ་ན་ཟླ་བཤོལ་འབྱུང་བའི་ཚེ་གསོ་སྦྱོང་ཉི་ཤུ་རྩ་དྲུག་འབྱུང་བས་བཤོལ་གྱི་ཟླ་བའི་མར་ངོ་ལ་བཅུ་བཞི་པའམ་བཅོ་ལྔ་པ་གང་བྱ་ཞེ་ན། ཁ་ཅིག་ཐུབ་པ་ཁོ་ན་ཡིན་ནོ་ཞེས་དང་། ཁ་ཅིག་མི་ཐུབ་པ་ཁོ་ན་ཡིན་ནོ་ཞེས་སྨྲ་བ་ལ་ནི་རྒྱུ་མཚན་མེད་པས་བཤོལ་གྱི་ཟླ་བ་ཉ་སྐར་གང་ལ་བབ་པ་དེ་དང་བསྟུན་དགོས་ཏེ། ཉ་སྐར་དྲུག་ལ་ཐུབ་པ་དང་། གཞན་དྲུག་ལ་མི་ཐུབ་པར་བྱ་དགོས་པའི་ཕྱིར། འདི་དག་ནི་གསུང་རབ་ནས་བཤད་པའི་དུས་ཚིགས་མ་ནོར་བར་བཀོད་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཟླ་བཤོལ་འབྱུང་བའི་རྒྱུ་མཚན་

|; |@@@ | | }}