62332
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། རོང་སྟོན་ཆེན་པོས་མུ་བཞི་གསུངས་ཏེ། རིགས་ལྡོག་ལ་ཤན་འབྱུང་བ། ཤན་འབྱུང་ལ་རིགས་མི་ལྡོག་པ། རིགས་ལྡོག་ལ་ཤན་མི་འབྱུང་བ། རིགས་ཀྱང་མི་ལྡོག་ལ་ཤན་ཡང་མི་འབྱུང་བའོ། ། དང་པོ་ནི། ཆོས་གོས་ཀྱི་རྒྱུར་གྱུར་པའི་གོས་ཁྲུ་གང་བ་ནས་བཟུང་ཆོས་གོས་ལྡང་ལ་ཐུག་གི་བར་ཁ་བསྐང་བའི་རེ་བའི་བསམ་པ་དང་བཅས་པས་ཟླ་བའི་བར་དུ་བཅང་བ་ལ་ཉེས་པ་མེད་མོད། ཁ་གནོན་གྱི་གོས་རེ་བ་རྫོགས་པ་ནམ་རྙེད་པ་ན་སྔ་མ་དེ་ཟླ་འཇོག་གི་གོས་ལས་རིགས་ལྡོག་ནས་ཞག་བཅུ་པའི་གོས་རིགས་སུ་སོང་བ་ནི་རིགས་ལྡོག་པ་ཡིན་ལ། དེས་ཟླ་བ་དེ་ནང་གི་ཞག་བཅུ་ཚན་གསུམ་པོ་གང་རུང་འདས་ཏེ་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན། ཞག་བཅུ་བའི་འཆང་བའི་སྤང་ལྟུང་བསྐྱེད་ལ། དེ་དང་མཉམ་དུ་ཕྱིས་རྙེད་པའི་ཁ་གནོན་གྱི་གོས་དེས་ཀྱང་འཆང་པའི་སྤང་ལྟུང་བསྐྱེད་པ་ནི་ལྟུང་བ་གཅིག་དེའི་གྲོགས་སམ་ཤན་སྟོབས་ཀྱིས་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་ཚེས་གཅིག་ལ་ཁ་བསྐང་དུ་རེ་བའི་གོས་གཅིག་རྙེད། གཉིས་ནས་བཅུའི་བར་ལ་སྔ་མ་དང་རིགས་མི་མཐུན་པའི་ཆོས་གོས་ལྡང་ཚད་གཅིག་རྙེད་པ་ན་ཡང་རིགས་ལྡོག་ཤན་འབྱུང་བཤད་མ་ཐག་པ་བཞིན་ནོ། ། གཉིས་པ་ནི། ཟླ་འཇོག་གི་གོས་ཚེས་གཅིག་ལ་རྙེད་པ་ནས་བཟུང། ཞག་སུམ་ཅུའི་བར་ལ་རིགས་མི་མཐུན་གྱི་གོས་སྔ་མའི་ཁ་གནོན་དུ་ཡང་མི་རུང། ཆོས་གོས་ལྡང་ཚད་ཀྱང་མ་ཡིན་པ་གཅིག་རྙེད་ན་ཤན་འབྱུང་སྟེ། སྔ་མས་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་ཟླ་འཇོག་གི་སྤང་ལྟུང་བསྐྱེད་ལ། དེ་དང་མཉམ་དུ་རིགས་མི་མཐུན་ཕྱིས་རྙེད་པ་དེས་ཀྱང་ཟླ་འཇོག་གི་སྤང་ལྟུང་བསྐྱེད་དོ། །རིགས་མ་ལྡོག་སྟེ་སྔ་མ་དེ་ཟླ་འཇོག་གི་གོས་རིིགས་ལས་གཞན་དུ་མ་ཟློག་པས་སོ། ། གསུམ་པ་ནི། ཚེེས་གཅིག་ལ་ཁ་བསྐང་དུ་རེ་བའི་གོས་གཅིག་རྙེད་ཀྱང་དེའི་ཉིན་ཁ་གནོན་གྱིས་གོས་རེ་བ་རྫོགས་པ་རྙེད་པ་ན་སྔ་མ་ཡང་ཞག་བཅུ་པའི་གོས་རིགས་སུ་སོང་ཞིང་གཉིས་ཀ་བྱིན་གྱིས་བརླབས་པར་ཞག་བཅུ་འདས་ནས་བཅུ་གཅིག་པའི་སྐྱ་རེངས་ཤར་བ་གཉིས་ཀས་རང་སྟོབས་ཀྱིས་སྤང་ལྟུང་རེ་བསྐྱེད་པས་ཤན་མི་འབྱུང་ངོ་། ། བཞི་པ་ནི། ཚེས་གཅིག་ལ་ཁ་བསྐང་དུ་རེ་བ་དང་བཅས་པའི་གོས་གཅིག་རྙེད་པ་ཞག་སུམ་ཅུའི་བར་དུ་བཅངས་པའི་དེའི་བར་ལ་ཁ་གནོན་གྱིས་གོས་གཞན་ཡེ་མ་རྙེད་ན་སྔར་གྱི་གོས་དེ་ཟླ་འཇོག་གི་གོས་རིགས་ལས་རིགས་གཞན་དུ་མ་ལྡོག་ལ། སོ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ། དེས་ལྟུང་བ་བསྐྱེད་པ་ན་ཤན་ཡང་མི་འབྱུང་སྟེ། ཤན་བརྡེག་བྱ་མེད་པས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཟླ་འཇོག་གི་ལྟུང་བའི་ཤན་བརྡེག་
|; |@@@ | | }}