62334
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཁ་བསོགས་ཀྱི་གོས་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་ལས་འདས་པར་འཇོག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། འདོད་པ་ཆེ་བ་སྟེ་འཆང་བ་དང་འདྲའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མ་ཚང་བ་ན་ཁ་བསྐང་བའི་གོས་ལ་རེ་བ་དང་བཅས་ཏེ། ཁ་གསོགས་ཀྱི་གོས་བྱིན་གྱིས་མ་བརླབས་པར་བཞག་པ་ལས་རང་ངམ་ཤན་སྟོབས་ཀྱིས་ཞག་སུམ་ཅུ་འདས་པའི་ལྟུང་བ་དངོས་གཞིའོ། །ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་གིས་ཆོས་གོས་རྣམ་གསུམ་བྱིན་གྱིས་བརླབས་རུང་ལས་གཞན་པ་རང་གི་ཆོས་གོས་ཀྱི་རྒྱུར་གྱུར་པའི་གོས་འཁོར་གསུམ་ཁེབས་པ་སོགས་ལས་ཆུང་བ་ཁྲུ་གང་ཡན་ཆད་ཀྱི་ཚད་དུ་ལོངས་པ་བྱིན་གྱིས་མ་རླབས་ཤིང་ཁ་བསྐང་བ་ལ་རེ་བ་ཡོད་པ་ཞག་སུམ་ཅུར་བདག་གིར་འཛིན་ཅིང་བཅང་པས་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་བསྐྱེད་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། ཇི་སྐད་དུ་ཁ་བསྐང་བ་ལ་རེ་བ་མེད་ན་ཆུང་བ་ལ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ། །བྱིན་གྱིས་བརླབས་པར་བྱ་བ་ཡོད་པ་ཉིད་ན་ཡང་ངོ་། །གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ། །ཞེས་དང་། ཆོས་གོས་ཡང་དག་ཡོད་ན་ཡང་། །གཞན་དག་སྒྲུབ་པར་འདོད་པ་ཡིས། །བྱིན་གྱིས་མ་བརླབས་མ་བརྟགས་པར། །ཟླ་བ་ལས་ལྷག་ཞག་མི་བྱ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |