62363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་ལྷག་ (1)
Part of speech མིང་ཚིག
Definition ཟླ་ལྷག་ནི་ཚེས་ཞག་དང་ཁྱིམ་ཞག་བར་གྱི་ཧེ་བག་གིས་ཡོང་གི་ཡོད་པ་རེད། མདོར་བསྡུས་ན། བོད་ལུགས་ལོ་གསར་ནི་ཉིན་ཞག་སུམ་བརྒྱ་ང་བཞིའམ་ང་ལྔ་ཡོད་པ་རེད། དེ་ནི་ཚེས་ལོའི་ལོ་གཅིག་ཡིན། སའི་གོ་ལས་ཉི་དཀྱིལ་ལ་བསྐོར་བ་གཅིག་འཁོར་བའི་ཡུན་ལ་རགས་པ་ཉིན་ཞག་ ༣༦༥ ཡོད་ཅིང༌། ཚེས་ལོ་གཅིག་ལ་ཉིན་ཞག ༣༥༤ འམ ༣༥༥ ལས་ཡོད་པ་མ་རེད། དེས་ན་བོད་ཀྱི་ལོ་གསར་སྐབས་དོན་དུ་སའི་གོ་ལས་ཉི་ཁྱིམ་ལ་བསྐོར་བ་གཅིག་མ་འཁོར་བ་ད་རུང་ཉིན་ ༡༠ ལྷག་ཙམ་ལུས་ཡོད་པ་རེད། དེས་ན་ལོ་གསུམ་རེའི་ནང་ཟླ་ལྷག་རེ་མ་བཏོན་ན་དབྱར་དགུན་གོ་ལྡོག་འཆར་ཡོང་གི་ཡོད་པ་རེད། དེས་ན་ཉེར་མཁོ་བུམ་བཟང་ལས། ལོ་ནི་ཁྱིམ་ལོ་དབང་ཆེ་ཞིང༌། །ཟླ་བ་ལ་ནི་ཚེས་ཉིད་དབང༌། །ཞག་ནི་ཉིན་ཞག་དབང་ཆེ་ཞེས། །ལུགས་འགའ་འགོག་ཕྱིར་ཁོ་བོས་སྨྲ། ཞེས་གསུངས་སོ། །དུས་ཀྱི་འཁོར་ལོའི་གཞུང་བོད་དུ་བསྒྱུར་ནས་བཟུང་བོད་ཀྱི་ལོ་ཐོ་དེ་ཉིན་ཞག་དང༌། ཚེས་ཞག ཁྱིམ་ཞག་གསུམ་ཀའི་ལུགས་སྦྲགས་ནས་ལག་ལེན་བྱེད་སྲོལ་དར་བ་རེད། དེའི་གོང་ན་སྤྱི་ལོའི་སྔོན་ནས་བོད་དུ་བོན་དར་བའི་སྒང་དུ་ལོ་ཐོ་བརྩི་སྲོལ་བྱུང་ཡང་གཙོ་བོ་ཉིན་ཞག ༣༠ ལ་ཟླ་བ་གཅིག་དང༌། ལོ་གཅིག་ལ་ཞག་ ༣༦༠ བཅས་པའི་ལུགས་དེ་ཡིན་འདུག ལུགས་དེས་བརྩིས་པའི་ལོ་ངོ་སྟོང་ཚོ་ལ་ཉེ་བའི་ལོ་ཐོ་རྙིང་པ་དེང་དུས་ཀྱང་ཁ་ཤས་མཐོང་ཡས་ཡོད་པ་རེད། གཞན་ཡང་ལོ་ངོ་སུམ་སྟོང་ལ་ཉེ་བའི་དུས་ནས་བོད་ཀྱི་མི་དམངས་ཚོས་གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང༌། བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པའི་རྩིས། བྱ་དང་ཤང་ལ་བརྟག་པའི་རྩིས། མཚོ་དང་ཆབ་རོམ་ལ་བརྟག་པའི་རྩིས་སོགས་དུས་བཞིའི་འགྱུར་བ་དང༌། གནམ་གཤིས་སྔོན་བརྡ། ཉི་ཟླ་སྐར་གསུམ་འཁོར་བགྲོད་ཀྱི་ཆོས་སོགས་ལ་བརྟག་པའི་རྩིས་འབྲས་མང་པོ་དེང་དུས་བར་མཐོང་རྒྱུ་ཡོད་པ་རེད།
Example མུ་གེའི་སྒང་ལ་ཟླ་ལྷག་ཅེས་པ་ལྟ་བུ།
Domain རྩིས་རིག

{{#arraymap:ཟླ་ལྷག་

|; |@@@ | | }}