62364
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་ལྟར་ངག་ཐོག་ནས་ཟླ་ལྷག་མ་འདོན་པར་ཟླ་བ་བཅུ་གཉིས་ཁ་གང་བ་ནམ་བྱུང་ན་ལོ་རུ་བཞག་པ་ཡིན་ན་ནི་ལོ་དགུའི་ནང་དུ་དབྱར་སོགས་ཀྱི་དུས་ཚིགས་གཅིག་འཁྱུག་འགྲོ་བ་དང་། ལོ་ལྔ་བཞིའི་མཚམས་སུ་དབྱར་འདྲེན་པའི་སྐབས་སུ་དགུན་གྱི་དུས་ཚིགས་སླེབ་པ་སོགས་འབྱུང་ལ། ཡང་ཕྱི་ལོའི་ཟླ་བ་རྩི་སྟངས་བཞིན་དབྱར་ལ་སོགས་པའི་དུས་ཚིགས་བཅུ་གཉིས་ཀྱི་སྒོ་ནས་ཟླ་བ་བཅུ་གཉིས་པོ་བརྩི་ན་ནི་ཉ་སྐར་རྣམས་འགྲིག་མི་ཐུབ་པ་དང་། གནམ་སྟོང་དེ་ཟླ་བ་འཕོ་མཚམས་མ་ཡིན་པའི་སྐྱོན་སོགས་འབྱུང་བའི་ཕྱིར་ན་ཟླ་ལྷག་འདོན་དགོས་པ་ཡིན། རྣམ་འགྲེལ་གསེར་ཤིང་ལས། དེ་ཡང་དབུགས་གཅིག་ཕྱེད་དང་བཅས་པའི་སོ་གཉིས་སུ་གསིལ་བའི་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབུགས་སོ་གཉིས་ཕྱེད་བཅས་ན་ཡེ་ཤེས་ཀྱི་ཆའི་དབུགས་རེར་ལོངས། དེ་བསགས་པས་ཞག་སོ་གཉིས་ཕྱེད་བཅས་ན་ཡེ་ཤེས་ཀྱི་ཆའི་ཞག་བཤོལ་གཅིག་ཏུ་ལོངས། དེ་བསགས་པས་ཟླ་བ་སོ་གཉིས་ཕྱེད་བཅས་ན་ཟླ་བཤོལ་གཅིག་ལོངས་པའི་གནད་ཀྱིས། སྤྱིར་ཚེས་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཟླ་བ་རེ་རྫོགས་པའི་གནམ་སྟོང་ལ་ཉི་མས་ཁྱིམ་རེ་རེ་རྫོགས་ནས་འཕོ་མི་ནུས་པས་ཟླ་བཤོལ་ངེས་པར་དགོས་ཏེ། འགྲེལ་ཆེན་ལས། འདིར་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་གཉིས་ན་ལྷག་པའི་ཟླ་བར་འགྱུར་ཏེ། གནམ་སྟོང་ལ་ནི་ཉི་མའི་འཕོ་བ་མེད་པའི་ཕྱིར་རོ། །དེས་ན་ལོངས་སྤྱོད་པར་མི་འགྱུར་རོ། །ཞེས་གསུངས་པས་སོ། །ཞེས་བྱུང་། |
Domain | རྩིས་རིག |
{{#arraymap:ཟླ་ལྷག་འདོན་པའི་དགོས་པ་
|; |@@@ | | }}