62367

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟླ་སྐར་རྣམ་དག་ (1)
Part of speech མིང་ཚིག
Definition ལྔ་བསྡུས་ཀྱི་ནང་ཚན་རེས་འགྲོགས་ཟླ་སྐར་སྟེ། རྣམ་པར་དག་པའི་ཚུལ་ཡང་ཉི་མ་དག་པ་ལས་ཚེས་འཁྱུད་ཟླ་སྐར་དང་། དེ་ལས་ཀྱང་རེས་འགྲོགས་ཟླ་བྱུང་བས་སོ། ལོངས་སྤྱོད་ནི་ཡུལ་དུས་གཉིས་ལས་ཡུལ་གྱི་ལོངས་སྤྱོད་ཡིན་ལ། འདས་ལུས་གཉིས་ལས་འདས་པའི་ལོངས་སྤྱོད་ཡིན་ལ། དེའི་མཚམས་ནི་ཚེས་དེ་ཟད་མཚམས་ནས་འབྱེད་ཅེས་ངག་རྒྱུན་ལ་གྲགས་མོད། རིགས་ལྡན་སྙིང་ཐིག་ལས་ཉིན་ཞག་གི་ཐོག་མ་ནས་འབྱེད་ཅེས་གསུངས། དེའི་ལོངས་སྤྱོད་ལ་གྲངས་གང་ཡོད་པ་དེས་ཉིན་ཞག་ཡུན་ཚད་ལ་ཕྲི་ལྷག་ནི་ཕྱི་མའི་ཚེས་ལ་སྤྱད་འགྱུར་གྱི་ལོངས་སྤྱོད་སྟོན་པར་འགྱུར། ཡུན་ཚད་ནི་ཉིན་སྔ་མའི་ཟླ་སྐར་དེས་ཉིན་ཕྱིའི་ཟླ་སྐར་ལ་ཕྲི་ལྷག་ནི་ཉིན་དེའི་ཟླ་སྐར་ཡུན་ཚད་འཆར་བར་འགྱུར། རིགས་ལྡན་སྙིང་ཐིག་ལས། རེས་འགྲོགས་ཟླ་བའི་སྐར་མ་ནི། །སྐར་མ་དེ་སྟེང་ཟླ་བ་ཡིས། །སྔ་མའི་ཞག་ལ་སྤྱད་ཟིན་འཆར། །དེ་ཡིས་མཁའ་རོར་ཕྲི་བའི་ལྷག ནམ་ལངས་ནས་བརྩམས་དེ་ཡུན་སྡོད། །དེ་ཟད་ཕྱི་མའི་སྐར་སྟེང་སླེབ། །ཅེས་གསུངས། །
Domain རྩིས་རིག

{{#arraymap:ཟླ་སྐར་རྣམ་དག་

|; |@@@ | | }}