62401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟློ་ (1)
Part of speech བྱ་ཚིག
Definition བརྗོད་དོན་གཅིག་ཡང་ཡང་ངག་ནས་སྐྱོར་བའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བཟླ།, མཚན་སྙན་ངག་གི་ཡོན་ཏན་ཡང་ཡང་བཟླ།]
Present [ཟློ།, གཟུངས་སྔགས་ཟློ་མཁན།]
Past [བཟླས།, སྙན་པ་བཟླས་ནས་ཀུན་ཀ་བསྒྲགས།]
Imperative [ཟློས།, ལྷ་ཡི་སྙིང་པོ་རྟག་ཏུ་ཟློས་ཤིག་ལྟ་བུ།]
ཟློ་ (2)
Part of speech བྱ་ཚིག
Definition གར་འཁྲབ་པའི་དོན།
Future [བཟློ།, སང་ཉིན་གར་ཟློ་ངེས།]
Present [ཟློ།, གར་ཟློ་མཁན་གྱི་ན་གཞོན།]
Past [ཟློས།, གར་ཟློས་ནས་མི་སེམས་བཀུག]
Imperative [ཟློས།, སྐྱེ་བོ་དགའ་བའི་གར་ཟློས་ཤིག་ལྟ་བུ།]
ཟློ་ (3)
Part of speech བྱ་ཚིག
Definition སྒྲོལ་བའམ་འདའ་བར་བྱེད་པའི་དོན།
Future [བཟླ།, སྲིད་པ་ལས་བཟླ་བར་བྱ།]
Present [ཟློ།, འཁོར་བའི་སྡུག་བསྔལ་ལས་ཟློ་བའི་ཐབས།]
Past [བཟླས།, སྡུག་བསྔལ་གྱི་རྒྱ་མཚོ་ལས་བཟླས།]
Imperative [ཟློས།, བུ་འཁོར་བ་ལས་ཟློས་ཤིག་ལྟ་བུ།]
ཟློ་ (4)
Part of speech བྱ་ཚིག
Definition བཤད་པའི་དོན་ཏེ།
Future [བཟླ།, བཟླ་བྱའི་བཀའ་ལུང་།]
Present [ཟློ།, བཀའ་ལུང་ཟློ་བཞིན་པའི་སྐབས།]
Past [བཟླས།, གཞུང་གི་བཀའ་བཟླས།]
Imperative [ཟློས།, དགེ་བའི་གཏམ་ཟློས་ཤིག་ལྟ་བུ།]
ཟློ་ (5)
Part of speech བྱ་ཚིག
Definition རྗེས་སུ་འབྲང་བའམ་ལད་མོ་བྱེད་པའི་དོན།
Future [བཟླ།, མི་སྤྲེའུ་རྗེས་སུ་བཟླ་མི་རུང་།]
Present [ཟློ།, མི་ལ་ཟློ་མཁན་གྱི་སྤྲེའུ།]
Past [བཟླས།, བཟང་པོའི་རྗེས་སུ་བཟླས་པས་ཡར་སྐྱེད་བྱུང་།]
Imperative [ཟློས།, ཡ་རབས་ཀྱི་རྗེས་སུ་ཟློས་ཤིག་ལྟ་བུ།]