6244

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅེན་ལྷའི་བཀའ་བློན་བཞི་ (1)
Part of speech མིང་ཚིག
Definition བོན། དཔལ་མགོན་གྱི་གཙོ་བོ་གཅེན་ལྷ་མིག་དགུའི་བཀའ་བློན་རྣམས་ཏེ། རྣམ་རྒྱལ་མཆོད་གཞུང་ལས། ཁྱོད་ཀྱི་བཀའ་བློན་དམག་དཔོན་བཞི། ཞེས་སོ། །བཞི་ནི། རགྴ་གླང་མགོ། ཡག་ཤ་ཁོ་རེ། དྷ་ཤ་གྷྲི་བ། གར་མ་ཛ་ལ་དང་བཞི་སྟེ། དེ་ཉིད་ལས། རགྴ་གླང་མགོ་འཇིགས་པའི་གཟུགས། སྲིན་གྱི་རལ་ཀྱུ་འཁོར་ལོ་བསྐོར། ཡག་ཤ་ཁོ་རེ་བྱ་རོག་གདོང་། གྷ་ཏེ་ཤག་དང་བུམ་རིལ་འཛིན། དྷ་ཤ་གྷྲི་བ་སེང་གེའི་མགོ ཀ་མ་ལི་ཕྱར་ཐུན་སྐྱོག་འཕེན། གར་མ་ཛ་ལ་ཕག་གདོང་ཆེ། ལྕགས་ཀྱུ་ཁྲམ་ཤིང་ཐོད་དབྱུག་འདེབས། ཞེས་སོ། །འདི་དག་སྔོན་སྲིན་པོ་སྟེ། ཕྱིས་སུ་སྟོན་པ་ཐུགས་རྗེ་ཅན་གྱིས་དམ་ལ་བཏགས་ནས་གཅེན་ལྷའི་བཀའ་བློན་དུ་བཀོད་དོ། །
Domain ཆོས་ལུགས།