6245
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། རྣམ་པར་རྒྱལ་བའི་འཁོར་དུ་གཏོགས་པའི་བསྟན་པ་སྲུང་བའི་བཀའ་སྲུང་གཅེན་ལྷ་མིག་དགུའི་རྟེན་ནམ་མཚོན་བྱེད་ཅིག་སྟེ། བཅའ་ལུགས་ནི། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། གཅེན་ལྟའི་གཏོར་མ་ཟུར་གསུམ་དབུ་གསུམ་ཐོད་བཅིང་ལ་འཁོར་ཟུར་གསུམ་ཐོད་བཅིང་བཞིས་བསྐོར་བ། ཞེས་སོ། །དེ་ཡང་ཟུར་གསུམ་དབུ་གསུམ་ཞེས་པ་ནི། རྩ་བ་ནས་འཕྲག་པ་བར་ཟུར་གསུམ་གྱི་རྣམ་ཅན། འཕྲག་པ་ནས་རྩེ་མོའི་བར་ཟླུམ་པོ་མགོ་རྩེ་ཕྲ་ཞིང་རྣོ་བ་བྱེད་དོ། །དེའི་རྒྱུ་དང་བསྲེ་རྫས་སོགས་ནི་གཏོར་མའི་སྐབས་སུ་གསལ་ལོ། ། |
| Domain | ཆོས་ལུགས། |