62451
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྫ་མདོག་ཤིང་རྒྱུ་ལྟར་ལ་མཁྲེགས་ཤིང་རྩ་ཕྲན་རྒྱས་པ་དང་། སྡོང་པོ་དུད་མདོག་ཕྲ་ལ་ཐུང་བ་ཤིང་ལ་ལྡུམ་མཁྲེགས་ཉམས་ལྡན་པར་ཡལ་ག་མང་བ་ཕུང་པོ་བྱས་ནས་སྐྱེ་ཞིང་། ལོ་མ་སྔོ་སྐྱ་འཇམ་པ་སྤུ་སོབ་ཅན་ཆུང་ལ་སིབ་པ་འཁན་པའི་ལོ་མ་འདྲ་བ་རེས་མོས་སུ་སྐྱེས་པའི་མཐར་ཉག་ཆུང་ཡོད་པ་ངར་པ་ཐུང་ལ་སྣུམ་བག་དང་འབྱར་བག་ཡོད་ལ་དྲི་ཞིམ་པ། མེ་ཏོག་རྒྱ་སྨུག་ཆུང་བ་སྡོང་པོ་དང་ཡལ་གའི་རྩེར་གདུགས་འཁྱིལ་མེ་ཏོག་བང་རིམ་འཆར་བ་སྟེ་རྒྱུན་དུ་ཟིལ་པ་འཁོར་ནས་སྡོད་པ་ཡིན་ཏེ། བོད་ཀྱི་ས་གནས་མང་ཆེ་བའི་ཁ་བྱང་བལྟས་ཀྱི་རིའི་གཡའ་བྲག་ཏུ་སྐྱེ་བ་མང་། གསར་སྐྱེས་ལོ་མ་རྣམས་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་ནས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྟུལ་ཞིང་འཇམ་པས་གློ་བའི་ཚད་པ་དང་། གློ་མང་འགོག་དཀའ་བ། གྲེ་བའི་ཚད་པ་སོགས་སེལ་བར་བྱེད་ལ་རྒྱུན་དུ་སྤོས་དང་བསངས་ལ་ཡང་འགྲོ་བ་ཡིན། |