62455
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་འཁར་གསིལ་གྱི་མདོ་ལས་བྱུང་བ་སྟེ། ༡ ས་ལ་སྦྲུལ་ཡོད་པ་བསྲུང་བའི་ཕྱིར་བཅང་བར་བྱ་བ། ༢ བརྒལ་བའི་ཕྱིར་བཅང་བར་བྱ་བ། ༣ བསོད་སྙོམས་སྤྱོད་པའི་ཕྱིར་བཅང་བར་བྱ་བ། ༤ འབྱུང་ཞིང་འཇུག་པའང་སྐུ་གཟུགས་མཐོང་བའི་ཚེ་སྒྲ་དབྱུང་བར་བྱ་བ། ༥ འཁར་གསིལ་ཐོགས་ནས་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱ་བ། ༦ དྲོ་ཡོལ་ཕན་ཆད་འཁར་གསིལ་ཐོགས་ནས་འགྲོ་བར་མི་བྱ་བ། ༧ ཕྲག་པ་གཉིས་ལ་བཀལ་ཏེ་མགོ་བོ་གཉིས་ལ་དཔྱང་བར་མི་བྱ་བ། ༨ ཕྲག་པར་བསྐུར་བར་མི་བྱ་བ། ༩ ལག་པས་སྐྱོག་པར་མི་བྱ་བ། ༡༠ འཁར་གསིལ་ཐོགས་ནས་བཤང་ཅིའི་སར་འགྲོ་བར་མི་བྱ་བ། ༡༡ མཁན་པོ་དང༌། སློབ་དཔོན་འཁར་གསིལ་ཐོགས་ཏེ་འགྲོ་བའི་རྗེས་བཞིན་དུ་འགྲོ་བར་མི་བྱ་བ། ༡༢ གང་ཟག་བཞི་ཡན་ཆོད་འཁར་གསིལ་ཐོགས་ཏེ་འགྲོ་བའི་རྗེས་ནས་འཁར་གསིལ་ཐོགས་ཏེ་འགྲོ་བར་མི་བྱ་བ། ༡༣ ཡོན་བདག་གི་ཁྱིམ་དུ་ཕྱིན་ནས་འཁར་གསིལ་ལུས་དང་བྲལ་བར་མི་བྱ་བ། ༡༤ ཡོན་བདག་གི་སྒོར་ཕྱིན་པ་དང་ལན་གསུམ་གྱི་བར་དུ་དཀྲོལ་བར་བྱའོ། །གལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ། །ལན་དེ་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ། །ལན་བདུན་གྱི་བར་དུ་དཀྲོལ་ཏེ་མ་འོངས་ན་ཁྱིམ་གཞན་དུ་དཀྲོལ་བར་བྱ་བ། ༡༥ བདག་ཕྱིར་ཕྱུང་ན་འཁར་གསིལ་ལག་པ་གཡས་པ་ལ་བསྙེས་ཏེ་བཞག་པར་བྱ་བ། ༡༦ གནས་ཁང་ན་བཞག་པའི་ཚེ་ས་ལ་རེག་པར་མི་བྱ་བ། ༡༧ རྟག་ཏུ་གར་ཉལ་བའི་ཁྲིའི་དྲུང་དུ་ཉེ་བར་བཞག་པར་བྱ་བ། ༡༨ སྐབས་སྐབས་སུ་ཕྱི་བདར་བྱ་བ། ༡༩ འཁར་གསིལ་གྱི་མགོ་ཡ་ཡོ་མེད་པར་བྱ་བ། ༢༠ བསོད་སྙོམས་ལ་འགྲོ་བའི་ཚེ་དགེ་ཚུལ་ལམ་ཁྱིམ་པ་ལས་བྲལ་བར་མི་བྱ་བ། ༢༡ ནད་པའི་སར་མཚན་མོ་གནས་ན་འཁར་གསིལ་བསྐུར་བར་བྱ་བ། ༢༢ ལམ་རིང་བོར་སྐྱེལ་དུ་འགྲོ་ན་འཁར་གསིལ་བསྐུར་བར་བྱ་བ། ༢༣ ལམ་རིང་པོ་ནས་མགྲོན་དུ་གཉེར་བ་ཡོད་དེ། དེར་འགྲོ་ཞིང་འདུག་དགོས་པར་གྱུར་ནའང་འཁར་གསིལ་བསྐུར་བར་བྱ་བ། ༢༤ ག་ཤེད་དུ་འགྲོ་དགོས་པར་གྱུར་ནའང་འཁར་གསིལ་བསྐུར་བར་བྱ་བ། ༢༥ བདག་གི་དྲུང་དུ་བསྙེན་པར་བྱ་བའི་ཕྱིར་གཞན་ལ་རེག་ཅིང་ས་ལ་རི་མོ་བྲི་བར་བྱའོ། ། |
| Domain | ཆོས་ལུགས། |