6247

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅེའུ་ (1)
Part of speech མིང་ཚིག
Definition དུ་བ་རྔུབ་བྱེད་སྦུ་གུ་རིང་པོ་ཞིག་གི་མིང་།
གཅེའུ་ (2)
Part of speech མིང་ཚིག
Definition ལྕགས་ཟངས་སོགས་ལས་བཟོས་པའི་སྦུ་གུས་སྨན་བཤང་ལམ་ནས་ནང་དུ་འཕུལ་བར་བྱེད་པའི་ཡོ་བྱད་ཁ་ཡངས་ཤིང་རྩེ་མོ་དོག་པའི་སྦུབས་ཅན་ཞིག་གི་མིང་སྟེ། རྒྱུ་ཟངས་ལྕགས་སོགས་ལས་བཟོས་ཤིང་། ཕྱི་དབྱིབས་བ་ལང་གི་མཇུག་མ་འདྲ་བ་སྦུབས་ཅན་འཇམ་ཞིང་དྲང་ལ་ཁ་ཟླུམ་པ། སྦོམ་ཕྲ་རྩ་བར་མཐེ་བོང་ཤོང་ཙམ་དང་རྩེ་མོར་སྲན་འཕོས་ཤོང་ཙམ་གྱི་བུ་ག་ཅན། རིང་ཐུང་སོར་བརྒྱད་དམ་བཅུ་ཡོད་པ་གཞིར་བཅས། སྐེད་པར་འཁོར་དཀྲིས་རིམ་པ་གཉིས་འཁོར་མར་བྱས་ཏེ་དེ་ལ་གྲོད་པ་བསྒར་བ་ཞིག་གོ །དེ་ལ་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། དེ་ཉིད་སྦུ་གུ་ཟངས་དང་ལྕགས། །ཤིང་རུས་འོད་མ་ལས་བྱས་པ། །བ་གླང་འཇུག་འདྲ་བུག་རྡོལ་མེད། །འཇམ་ཞིང་དྲང་ལ་ཁ་ཟླུམ་པའོ། །ལོ་གཅིག་མ་ལོན་སོར་ལྔའོ། །ལོ་ཚང་ལོ་ནི་བདུན་པའི་བར། །ཚད་ནི་སོར་དྲུག་ཡིན་པར་བཤད། །ལོ་བདུན་པ་ནི་བདུན་ཡིན་ཏེ། །བཅུ་གཉིས་པ་ལ་སོ་བརྒྱད་བྱ། །བཅུ་དྲུག་ཡན་ཆད་སོར་དགུ་སྟེ། །ཉི་ཤུ་ཡན་ཆོད་སོར་བཅུ་གཉིས། །རྩ་བ་རང་གི་མཐེ་བོང་མཉམ། །རྩེ་མོ་མཐེབ་ཆུང་ཚད་དུ་བྱ། །རྩ་བའི་བུ་གའི་ཚད་ཀྱི་ནི། །མཐར་ནི་དགག་པས་དགག་པར་བྱ། །རྩ་བ་རང་གི་སོར་གཉིས་ཀྱི། །ཚོད་པར་དགག་པ་གཉིས་པར་བྱ། །དེར་ནི་རྐྱལ་བུ་གདགས་པར་བྱ། །ར་ལུག་མ་ཧེ་ལ་སོགས་པའི། །ལྒང་པ་ལེགས་པར་མཉེད་ནས་ནི། །སྨན་ནི་ལེགས་པར་བླུགས་བྱས་ལ། །སྲད་བུས་དམ་དུ་བཅིང་བར་བྱ། །ཞེས་གསུངས།