6251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅེར་བུ་པ་ (1)
Part of speech མིང་ཚིག
Definition ཚངས་པ་ལྷར་བྱེད་ཅིང༌། རྒྱལ་བ་དམ་པ་སྟོན་པར་འཛིན་པས། རྒྱལ་བྱེད་ལ་སོགས་པའི་གཞུང་ཚད་མར་འཛིན་པའི་ནང་ཚན་ཏེ། ཤེས་བྱའི་རབ་ཏུ་དབྱེ་བ་དང༌། སྤྱིའི་གནས་ལུགས་གཉིས་སུ་ཐམས་ཅད་སྡུད་པས་ཤེས་བྱ་དབྱེ་བ་ནི། དོན་རྣམ་པ་བདུན་ཏེ། དཀའ་ཐུབ། སྡོམ་པ། ཉོན་མོངས་པ། བཅིངས་པ། གྲོལ་བ། སྲོག སྲོག་མ་ཡིན་ཏེ། རྒྱལ་བྱེད་ལས། གཅེར་བུ་པ་ནི་དེ་བཞིན་བདུན། །དཀའ་ཐུབ་སྡོམ་པ་ཉོན་མོངས་དང༌། །བཅིངས་པ་དང་ནི་གྲོལ་བ་དང༌། །སྲོག་དང་སྲོག་མིན་རྣམ་གཉིས་སོ། །སྤྱིའི་གནས་ལུགས་ནི། ཤེས་བྱ་ཐམས་ཅད་ཡུལ། དུས། གྲངས་ཀྱི་དུ་མ་ལ། རང་བཞིན་གྱིས་གཅིག་པ་ཞེས་བྱ་བ་ཡིན་ནོ། །དེ་ཡང་གླིང་འདི་དང་གཞན་ནི་ཡུལ་གྱི་དུ་མའོ། །སྔོན་དང་ད་ལྟའི་ལོ་ཐོག་རྣམས་ནི་དུས་ཀྱི་དུ་མའོ། །མི་དང༌། བྱ་དང༌། རི་དྭགས་ལ་སོགས་པ་རྣམས་ནི་གྲངས་ཀྱི་དུ་མའོ། །དེ་དག་ཐམས་ཅད་དུ་མར་སྣང་ཡང་རང་བཞིན་གྱིས་གཅིག་པའི་ཕྱིར་ཏེ། གཟི་སྒོང་གཅིག་ལ་དཀར་ནག་དུ་མ་ཡོད་ཀྱང་གཟི་སྒོང་གཅིག་ལས་མ་འདས་པ་དང༌། ཕུག་རོན་གྱི་སྤུ་བཞིན་ནོ། །དེ་བཞིན་དུ་བློས་འཛིན་ཚུལ་དང་ཚད་མར་གྱུར་པའི་ཚུལ་ཐམས་ཅད་ཡུལ་དུས་གྲངས་ཀྱི་དུ་མ་ལས་རང་བཞིན་གྱིས་གཅིག་པ་ཡིན་ཏེ། རྒྱལ་བྱེད་ལས། ཡུལ་དུས་གྲངས་ཀྱི་དུ་མ་སྟེ། །རང་བཞིན་གྱིས་ནི་གཅིག་ཉིད་ཡིན། །
Example ཁྲ་བོའི་ཁ་དོག་ལས། ཇི་ལྟར་འདོད་བཞིན་ཁ་དོག་འཛིན། །དེ་བཞིན་དངོས་ལའང་སྣ་ཚོགས་ཕྱིར། །ཐ་དད་ཐ་དད་མིན་དངོས་འཛིན། །དུ་མའི་དངོས་པོའི་ངོ་བོ་ལ། །བརྗོད་པར་འདོད་པས་ངོ་བོར་འདོད། །ཅིག་ཆར་རིམ་གྱིས་ཚུལ་གཉིས་ལས། །ཚིག་གི་བྱ་བ་གཞན་མེད་དོ། །ཞེས་སོགས་གྲུབ་མཐའི་རྣམ་གཞག་དང་ནང་གསེས་མང་དུ་སྣང་བ་གྲུབ་མཐའི་རྣམ་བཤད་ཁག་ལས་ཤེས་པར་བྱ།
Synonyms གཅེར་བུ་པ། དཀའ་ཐུབ་པ། ཚངས་པ་པ། ཐལ་བ་པ། ཕྱོགས་ཀྱི་གོས་ཅན་པ། ནམ་མཁའི་གོས་ཅན་པ། རྒྱལ་བ་པ། རྒྱལ་བྱེད་པ། ཀུན་ཏུ་རྒྱུ།

{{#arraymap:གཅེར་བུ་པ་

|; |@@@ | | }}