62512

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོན་ (1)
Part of speech མིང་ཚིག
Definition ས་སྐྱ་པའི་གདུང་རབས་ཀྱི་རུས་མིང་གནམ་ལྷའི་རྒྱུད་པ་གཡའ་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་བཏུལ་ནས་དེའི་ཆུང་མ་གཡའ་འབྲུག་སི་ལེ་མ་ཁབ་ཏུ་བཞེས་པ་ལས་སྲས་ཤིག་འཁྲུངས་པ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས་འཁོན་ཞེས་གྲགས། དེ་ནས་བཟུང་གདུང་རྒྱུད་ལ་འཁོན་རིགས་ཟེར།

{{#arraymap:འཁོན་

|; |@@@ | | }}

འཁོན་ (1)
Part of speech བྱ་ཚིག
Definition རང་ཉིད་ལ་གནོད་པ་བྱས་པའི་མི་ལ་གནོད་ལན་བྱེད་འདོད་ཀྱི་སེམས།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Antonyms མཐུན།
Future [བཀོན།, དགྲ་ལ་བཀོན་ན་རང་ལ་གནོད།]
Present [འཁོན།, གནོད་བྱེད་ལ་འཁོན་མཁན་མཁས་པ་མིན།]
Past [བཀོན།, གནོད་པ་བྱེད་མཁན་ལ་བཀོན་ནས་སེམས་པ་འཁྲུགས་ལྟ་བུ།]

{{#arraymap:འཁོན་

|; |@@@ | | }}

འཁོན་ (2)
Part of speech བྱ་ཚིག
Definition ཕན་ཚུན་གཅིག་གཅིག་ལ་ཚིག་རྩུབ་ཀྱིས་སྡིགས་དམོད་བྱས་པའི་དོན།
Type ཡུལ་སྐད།
Transitive བྱ་བྱེད་ཐ་དད་པ།
Antonyms མཐུན།
Future [བཀོན།, གྲོགས་པོ་ལ་བཀོན་ན་རང་ཉིད་ལ་གནོད།]
Present [འཁོན།, གྲོགས་ལ་འཁོན་མཁན་བཟང་པོ་མིན།]
Past [བཀོན།, གྲོགས་པོར་བཀོན་ནས་གཉིད་མ་ཁུག]
Imperative [འཁོན།, དགྲ་ལ་འཁོན་ཅིག་ལྟ་བུ།]

{{#arraymap:འཁོན་

|; |@@@ | | }}