62514
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་སྟོད་དུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། བསམ་ཡས་གཙུག་ལག་ཁང་གི་སྦྱིན་བདག་ལག་དཔོན་མཛད། སྐུ་གསུང་ཐུགས་རྟེན་བཞེངས། ཆོས་གཞུང་མང་པོ་བོད་སྐད་དུ་བསྒྱུར་ལོ་ཙཱ་བ་ཞིག་ཡིན། ཤིང་ཡོས་ཕྱི་ལོ་ ༧༧༥ལོར་མཁན་པོ་བྷོ་དྷི་ས་དྭ་ལས་རབ་ཏུ་བྱུང་། སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན། |