62516

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོན་གད་པ་ཀཱིརྟི་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་མགོར་འཁྲུངས། མང་ར་སེང་གེ་རྒྱལ་མཚན་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ཁྱད་པར་དུ་འཕགས་སྐོར་ལ་མཁས། མཚུར་སྟོན་དབང་གི་རྡོ་རྗེ་བསྟེན། མོས་གུས་ཆེན་པོའི་ལམ་ནས་ཆོས་རིམ་ལྔའི་མན་ངག་དང་རྒྱུད་ཀྱི་བཤད་པ་རྫོགས་པར་གསན། སྒོམ་སྒྲུབ་པ་ཉམས་ལེན་ལས་སྒྱུ་མ་ལྟ་བུའི་ཏིང་འཛིན་ཐོབ། སློབ་མ་གྲགས་ཆེ་བ་ནི་ཡུམ་གཅིག་པའི་སྤུན་མཆེད་བྱ་ཁང་བ་བསོད་ནམས་རིན་ཆེན་བཅས་ཡིན།