6252
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ། འབའ་ཞིག་པ་དགུ་བཅུའི་གཅིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་ཀུན་དགའ་བོས་མ་བརྟགས་པར་གཅེར་བུ་བ་ལ་ཟས་སྦྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཁྱིམ་པ་རྣམས་ཀྱིས་དགེ་སློང་མཆོད་དགེ་སློང་རྣམས་ཀྱིས་མུ་སྟེགས་མཆོད་ཅེས་མུ་སྟེགས་ཆེས་མཆོད་པའི་གནས་སུ་བྱེད་དོ་ཞེས་གཞན་དག་མ་དད་པ་སྐྱེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་ལ་དགོས་པ་ཁྱད་པར་ཅན་ལ་མ་ལྟོས་པར་ངག་གི་རིག་བྱེད་ཀྱིས་ཟས་བྱིན་ཞིང་དེས་བླངས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྦྱིན་པའི་ཡུལ་དང་། གང་སྦྱིན་པའི་དངོས་པོའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། ཀུན་སློང་ནི་རང་གར་མུ་སྟེགས་ཅན་ལ་ཟས་སྦྱིན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་བརྗོད་ཅིང་ལུས་སམ་ལུས་དང་འབྲེལ་བས་སྦྱིན་པར་ཞུགས་པའོ། །མཐར་ཐུག་ནི་སྦྱིན་ཡུལ་དེས་ཐོབ་བློ་སྐྱེས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
| Domain | ཆོས་ལུགས། |