62521
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དགུ་པའི་ལྕགས་བྱ་ཕྱི་ལོ་ ༡༥༦༡ ལོར་འཁྲུངས། དགུང་ལོ་བཅུ་པ་རབ་བྱུང་བཅུ་པའི་ལྕགས་རྟ་ལོར་རྒྱལ་བ་བསོད་ནམས་རྒྱ་མཚོ་མཇལ། དགུང་ལོ་བཅུ་བདུན་པ་མེ་གླང་ཕྱི་ལོ་ ༡༥༥༧ ལོར་རྒྱལ་བ་བསོད་ནམས་རྒྱ་མཚོའི་དྲུང་དུ་རབ་དུ་བྱུང་། ལྕགས་འབྲུག་ལོར་དྭགས་པོ་གྲ་ཚང་དུ་བྱོན། དགུང་ལོ་སོ་བཞི་ཤིང་རྟ་ཕྱི་ལོ་ ༡༥༩༤ ལོར་ཆོས་རྗེས་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོ་ལས་བསྙེན་པར་རྫོགས། ལྕགས་གླང་ལོར་ཉི་མ་ཐང་གི་འཆད་ཉན་པར་ཕེབས། ཤིང་སྦྲུལ་ལོར་སེ་ར་བྱེས་ཀྱི་འཆད་ཉན་པར་ཕེབས། ཤིང་སྟག་ལོར་བསྟན་རྩིས་མཛད་། ས་ལུག་ལོར་ཕ་བོང་ཁར་བཞུགས། རབ་བྱུང་བཅུ་གཅིག་པའི་ཆུ་བྱ་ལོར་ལྔ་པའི་ཆེན་པོ་ལ་གསང་སྔགས་གསར་རྙིང་གི་ཆོས་གནང་། དགུང་ལོ་དོན་བདུན་པ་མེ་གླང་ཕྱི་ལོ་ ༡༦༣༧ ལོར་གཤེགས། |