From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
|
གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གིས་མ་བརྟགས་པར་མུ་སྟེགས་གཅེར་བུའི་རབ་བྱུང་ལ་ཟས་བྱིན་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། མུ་སྟེགས་ཀྱི་རབ་ཏུ་བྱུང་བ་ལ་དགོས་པ་ཁྱད་པར་ཅན་མེད་པར་ཟས་བྱིན་ཞིང་དེས་བླངས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་ཀུན་དགའ་བོས་མ་བརྟགས་པར་གཅེར་བུ་ལ་ཟས་སྦྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་མ་དད་པ་སྐྱེ་བའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|