62547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་ (1)
Part of speech མིང་ཚིག
Definition ཞབས་ཕྱི་སྒྲུབ་མཁན་གྱི་སྐུ་འཁོར་རམ། ཉེ་འཁྲིས་ཀྱི་གཡོག་པོ།
Example དཔོན་པོ་འཁོར་བཅས་ཕེབས་བྱུང་། འཁོར་གཡོག་མང་པོ་ཞེས་པ་ལྟ་བུ།
འཁོར་ (2)
Part of speech མིང་ཚིག
Definition སློབ་མའི་མིང་།
Example ཁོང་གིས་ཆོས་གསུངས་སྐབས་འཁོར་མང་པོ་འདུས་ཞེས་པ་ལྟ་བུ།
འཁོར་ (3)
Part of speech མིང་ཚིག
Definition གང་ཞིག་གི་འགྲམ་མམ། ཉེ་འདབས་ཀྱི་དོན་ཏེ།
Example གྲོང་ཁྱེར་གྱི་ཉེ་འཁོར་དུ་གཞིས་ཆགས་ཞེས་པ་ལྟ་བུ།
འཁོར་ (1)
Part of speech བྱ་ཚིག
Definition རང་བཞིན་གྱིས་སྐོར་བ་རྒྱག་པའི་དོན།
Keyword True
Example འཁོར་ལོ་འཁོར་ཞེས་པ་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
འཁོར་ (2)
Part of speech བྱ་ཚིག
Definition འདུ་བའམ་འོང་བའི་དོན།
Keyword True
Example ཤ་རུལ་ལ་འབུ་སྦྲང་འཁོར་ཞེས་པ་ལྟ་བུ།
འཁོར་ (3)
Part of speech བྱ་ཚིག
Definition ཡེང་བ་སྟེ། རིག་པ་སོར་མི་གནས་པར་གཞན་དུ་འཕྲོ་བ།
Example བྱ་བ་ཙག་ཙིག་ལ་མགོ་འཁོར་ཞེས་པ་ལྟ་བུ།
འཁོར་ (4)
Part of speech བྱ་ཚིག
Definition སེམས་ནང་དུ་དྲན་པ་དང་འཆར་བའི་དོན།
Keyword True
Example དགའ་རོགས་སེམས་ལ་ཡང་ཡང་འཁོར། ཆོས་བྱེད་རྒྱུའི་བསམ་པ་འཁོར་ཞེས་པ་ལྟ་བུ།
འཁོར་ (5)
Part of speech བྱ་ཚིག
Definition ཞང་སྐད། འཆར།