62556

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་གསུམ་ (1)
Part of speech མིང་ཚིག
Definition མཚོན་ཆ་མདའ་གྲི་མདུང་གསུམ་སྟེ།
Example འཁོར་གསུམ་སྐེད་ལ་བཏགས་ནས་གཡུལ་ལ་ཆས་ཞེས་པ་ལྟ་བུ།
Domain དམག་དོན།
འཁོར་གསུམ་ (2)
Part of speech མིང་ཚིག
Definition བྱེད་པ་པོ་དང༌། བྱ་བའི་ལས། བྱ་བའི་ཡུལ་ཏེ་གསུམ། སྦྱིན་པ་གཏོང་སྐབས་ཀྱི་འཁོར་གསུམ་ནི་སྦྱིན་པ་པོ་དང༌། སྦྱིན་རྫས། སྦྱིན་ཡུལ་ཏེ་གསུམ།
Domain ཆོས་ལུགས།
འཁོར་གསུམ་ (3)
Part of speech མིང་ཚིག
Definition མཚན་ཉིད་རྩོད་སྐབས་ཀྱི་འཁོར་གསུམ་སྟེ། ཁས་བླངས་ནང་འགལ་གྱི་སྟོབས་ཀྱིས་རྟགས་གསལ་ཁྱབ་གསུམ་གང་ལའང་ལན་འདེབས་མི་ནུས་པར་གྱུར་པ་ལ་ཟེར།
Example སྒྲ་བྱས་པར་ཁས་བླངས། བྱས་ན་མི་རྟག་པས་ཁྱབ་པ་ཁས་བླངས། སྒྲ་རྟག་པར་ཁས་བླངས་པའི་གང་ཟག་དེ་ལ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་བཀོད་ན། རྒོལ་བ་དེས་སྒྲ་བྱས་པར་ཁས་བླངས་པས། གསལ་བ་ལ་འདོད་ལན་འདེབས་མི་ནུས། རྟག་ན་མ་བྱས་པས་ཁྱབ་པ་ཁས་བླངས་པས། ཁྱབ་པ་མ་གྲུབ་ཀྱི་ལན་འདེབས་མི་ནུས། སྒྲ་རྟག་པར་ཁས་བླངས་པས། རྟགས་མ་གྲུབ་ཀྱི་ལན་འདེབས་མི་ནུས་པས་འཁོར་གསུམ་ཁས་བླངས་ཟེར་བ་དེ་ལ་ཟེར་བ་ཡིན་ནོ། །
Domain ཚད་མ།