62563
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གནས་བསིལ་བར་བྱ་བའི་ཕྱིར་ཞེས་པ་འཁོར་གྱི་ཁྱམས་དེ་ནི་བསིལ་གྲིབ་དང་། རླུང་བསེར་བུའི་དྲི་ངད་དང་། ཆུའི་རྫིང་བུའི་ཆུ་ངད་དང་གསུམ་ཡོད་པས་བསིལ་བའི་རྐྱེན་གསུམ་ལྡན་པ་སྟེ། དེ་ཡང་འཁོར་གྱི་ཁྱམས་ཕྱི་རོལ་རྩིག་པ་ཟླུམ་པོར་བསྐོར་བའི་ནང་དུ་ཀ་བའི་ཚར་དག་བཙུགས་ནས་སྟེང་གཡོགས་པའི་བསིལ་གྲིབ་ཡོད་པ་དང་། བསིལ་གྲིབ་དེར་དགེ་སློང་རྣམས་ཁྲི་ལ་སོགས་པ་ལ་འདུག་པའི་ལུས་ཀྱི་དྲང་ཐད་ཀྱི་བརྩིག་པའི་ལོགས་ལ་སྐར་ཁུང་དག་བཏོད་ནས། དེ་ལ་རླུང་བསེར་བུའི་རྫི་ངད་ཞུགས་ཏེ་དགེ་སློང་རྣམས་ཀྱི་ལུས་ལ་རྫི་ངད་ཕོག་པ་དང་། ཁྱམས་དེའི་དབུས་ན་ཆུའི་རྫི་ངད་ཡོད་པས་ཆུའི་ངད་བསིལ་བ་དང་ལྡན་པའོ། །དེ་ཡང་ལུང་ལས་འཁོར་གྱི་ཁྱམས་ངོས་གསུམ་པར་བྱའོ་ཞེས་གསུངས་ཤིང་། ནུབ་ལྷག་གི་ཊཱི་ཀ་ལས་ཀྱང་ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་འཁོར་གྱི་ཁྱམས་ལྟ་བུའོ་ཞེས་གསུངས་ཏེ་དབུས་མཐོངས་ཤིན་ཏུ་ཆེན་པོ་མ་གཏོགས་པ་ཕལ་ཆེར་གཡོགས་པ་དང་། གནས་བསིལ་བར་བྱ་བའི་ཕྱིར་བྱང་ངོས་གྲིབ་མ་འབབ་པའི་ཕྱོགས་མ་གཏོགས་པ་ཕལ་ཆེར་བསྐོར་བའོ། །ཕྱི་རོལ་རྩིག་པའི་བསྐོར་རོ། །ཞེས་པའི་ཊཱི་ཀ་ལས། དབུས་སུ་རྫིང་བུ་བཞག་པར་བྱའོ་ཞེས་སོ། །འཁོར་གྱི་ཁྱམས་དེའི་རྩིག་ལོགས་ལ། སྐར་ཁུང་མང་པོ་དག་གདོད་དོ། །སྐར་ཁུང་དེ་དག་གི་མ་མཐའ་དག་དགེ་སློང་ཁྲི་ལ་སོགས་པ་འདུག་པའི་སྟན་གྱི་ཡ་མཐའ་དང་ཐད་ཀར་འབབ་པར་བྱའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
| Domain | ཆོས་ལུགས། |