62574
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དམ་ཆོས་པདྨ་དཀར་པོའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ། ༡ བཅོམ་ལྡན་འདས་དང་པོ་མངོན་པར་སངས་རྒྱས་པའི་ཚེ་ཉན་ཐོས་ཆེན་པོ་ལྔ་བཅུ་རབ་ཏུ་བྱུང་ངོ༌། །༢ དེའི་འོག་ཏུ་གྲགས་འཛིན་གྱི་འཁོར་ལྔ་བཅུ་རབ་ཏུ་བྱུང་ངོ༌། །༣ དེའི་འོག་ཏུ་ལྟེང་རྒྱས་འོད་སྲུངས་ཀྱི་འཁོར་ལྔ་བརྒྱ་རབ་ཏུ་བྱུང་ངོ༌། །༤ དེའི་འོག་ཏུ་ག་ཡ་འོད་སྲུངས་ཀྱི་འཁོར་སུམ་བརྒྱ་རབ་ཏུ་བྱུང་ངོ༌། །༥ དེའི་འོག་ཏུ་ཆུ་བོ་སྲུངས་ཀྱི་འཁོར་ཉིས་བརྒྱ་ལྔ་བཅུ་རབ་ཏུ་བྱུང་ངོ༌། །༦ ཤཱ་རིའི་བུའི་འཁོར་བརྒྱ་རབ་ཏུ་བྱུང་ངོ༌། །༧ མོའུ་འགལ་་གྱི་བུའི་འཁོར་བརྒྱ་རབ་ཏུ་བྱུང་བ་བཅས་སྤྱིར་འཁོར་དགེ་སློང་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་རབ་ཏུ་བྱུང་ངོ༌། ། |
| Domain | ཆོས་ལུགས། |