62590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་བ་ (1)
Part of speech མིང་ཚིག
Definition བསྐོར་ནས་རྒྱུ་བའི་བྱ་བའི་མིང་།
Example འཁོར་ལོ་འཁོར་བ་ཞེས་པ་ལྟ་བུ།
འཁོར་བ་ (2)
Part of speech མིང་ཚིག
Definition ཡེང་བའམ། རིག་པ་སོགས་མི་གནས་པར་གཞན་དུ་འཕྲོ་བའི་དོན་ཏེ།
Example ལྟ་མོ་ལ་མགོ་འཁོར་བ། བྱ་བ་ཙག་ཙིག་ལ་མགོ་འཁོར་བ་ཞེས་པ་ལྟ་བུ།
འཁོར་བ་ (3)
Part of speech མིང་ཚིག
Definition སེམས་ནང་དུ་དྲན་པ་དང་འཆར་བ།
Example ཡིད་ལ་སྙིང་སྡུག་འཁོར་བ། ཁྱིམ་གྱི་དཀའ་སྡུག་སེམས་ལ་འཁོར་བ་ཞེས་པ་ལྟ་བུ།
འཁོར་བ་ (4)
Part of speech མིང་ཚིག
Definition འདུ་བའམ་ཚོགས་པའི་དོན་ཏེ།
Example ནགས་ལ་རི་དྭགས་འཁོར་བ། དགེ་རྒན་མཁས་པ་ལ་སློབ་མ་འཁོར་བ་ཞེས་པ་ལྟ་བུ།
འཁོར་བ་ (5)
Part of speech མིང་ཚིག
Definition བུད་མེད་ལ་མངལ་ཆགས་པའི་དོན་ཏེ།
Example གཟུགས་པོ་འཁོར་བ། མངལ་ལ་ཕྲུ་གུ་འཁོར་བ་ཞེས་པ་ལྟ་བུ།
འཁོར་བ་ (6)
Part of speech མིང་ཚིག
Definition འཇིག་རྟེན་ནམ་མིའི་སྤྱི་ཚོགས་ལ་གོ་སྟེ།
Example འཁོར་བའི་བདེ་བ་ལ་ལོངས་སུ་སྤྱད་པ་ཞེས་པ་ལྟ་བུ།
འཁོར་བ་ (7)
Part of speech མིང་ཚིག
Definition ཁྱིམ་ཚང་གི་བྱ་གཞག
Example འཁོར་བའི་དོན་ལ་ཉིན་འབད་མཚན་འབད་བྱས་ཞེས་པ་ལྟ་བུ།
འཁོར་བ་ (8)
Part of speech མིང་ཚིག
Definition ལས་དང་ཉོན་མོངས་གཉིས་ལ་བརྟེན་ནས་ཁམས་གསུམ་དང་འགྲོ་བ་རིགས་དྲུག་ཏུ་རང་དབང་མེད་པར་ཡང་ནས་ཡང་དུ་སྐྱེ་བ་བླངས་ཏེ་འཁོར་བས་ན་འཁོར་བ་ཞེས་བརྗོད་པ་ཡིན་ཅིང༌། འཁོར་བའི་རྒྱུ་ལས་དང་ཉོན་མོངས་གཉིས་རྩ་བ་ནས་སྤངས་ཟིན་པ་ན་འཁོར་བའི་གནས་སུ་རང་དབང་མེད་པར་སྐྱེ་བ་ལེན་མི་དགོས་པར་ཐར་བ་ཡིན་པས་ཐར་པ་ཐོབ་ཅེས་བརྗོད།
Domain ཆོས་ལུགས།
འཁོར་བ་ (8)
Part of speech མིང་ཚིག
Definition རྒྱུ་ལས་དང་ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་གང་རུང་གི་ངོ་བོར་སྐྱེས་པ་དེ། འཁོར་བའི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀྱ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །