62592
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྕགས་ཀྱི་ཁྱི་ཕག་སྐྱེས་ལོ་ཡིན་པའི་ཕ་མ་སུ་རུང་ཞིག་ལ་བབས་སྤར་གིན་ནམ་ཁོན་གྱི་སྟེང་དུ་བུས་པ་རང་ལོའི་ཀླུང་ཁམས་གཅོད་པའི་ཀླུང་ཁམས་ཅན་སྐྱེས་པ་ལ་ཟེར་བ་ཡིན། དེ་ལྟར་གསུངས་འདུག་ཀྱང་ཕ་ལྕགས་ཁྱི་ལོ་པ་བབས་སྤར་གིན་ནམ་ཁོན་སྟེང་དུ་བབས་དུས་དེར་རང་ལོ་ཁྱིའི་ཀླུང་ཁམས་ལྕགས་ཀྱི་དགྲ་མེ་ཀླུང་ཁམས་ཡིན་པའི་ཕག་ལུག་ཡོས་གསུམ་གནམ་ལོར་ཤར་བ་མ་གཏོགས། དེ་མིན་ཕ་ལྕགས་ཕག་ལོ་པ་དང་། མ་ལྕགས་ཀྱི་ཁྱི་ཕག་ལོ་མ་བཅས་བབས་སྤར་གིན་ནམ་ཁོན་སྟེང་དུ་འབབ་དུས་དེར་རང་ལོའི་ཀླུང་ཁམས་གཅོད་པའི་ཀླུང་ཁམས་ཅན་གྱི་མཐུན་གསུམ་གནམ་ལོར་ཤར་བ་མི་འདུག་པས་དཔྱད་པར་འཚལ། གལ་སྲིད་ཕ་ལྕགས་ཁྱི་ལོ་པ་ཡིན་པར་ཆ་བཞག་ན། ཕོ་ལོ་ཉེར་གཉིས་ལ་སོན་དུས་དེར་བབས་སྤར་གིན་ཡིན་པ་མ་ཟད། གནམ་ལོ་ཡང་ཁྱིའི་ཀླུང་ཁམས་ལྕགས་ཀྱི་དགྲ་མེ་ཀླུང་ཁམས་ཡིན་པའི་ལྕགས་ལུག་དང་། ཕོ་ལོ་ཉེར་དྲུག་ལ་སོན་དུས་དེར་བབས་སྤར་ཁོན་ཡིན་པ་མ་ཟད། གནམ་ལོ་ཡང་ཁྱིའི་ཀླུང་ཁམས་ལྕགས་ཀྱི་དགྲ་མེ་ཀླུང་ཁམས་ཡིན་པའི་ཤིང་ཕག ཕོ་ལོ་སུམ་ཅུར་སོན་དུས་དེར་བབས་སྤར་གིན་ཡིན་པ་མ་ཟད། གནམ་ལོ་ཡང་ཁྱིའི་ཀླུང་ཁམས་ལྕགས་ཀྱི་དགྲ་མེ་ཀླུང་ཁམས་ཡིན་པའི་ས་ཡོས་བཅས་ཡིན་པས། དུས་དེ་དག་ཏུ་ཆུང་མར་བུས་པ་སྐྱེས་པ་ལྟ་བུ་ཡིན། |
| Domain | རྩིས་རིག |