62593

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་བ་ཆོས་ཉིད་དུ་གྲོལ་བའི་ལྟས་ཆེན་པོ་བཅོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རུ་དྲ་འདུལ་བར་དཔལ་ཆེན་ཡབ་ཡུམ་གྱིས་ཆོ་འཕྲུལ་སྤྲོས་པའི་ལྟས་ཆེན་པོ་བཅོ་ལྔའི་ནང་གསེས། ཡང་གསང་བླ་མེད་ལྟར་སྦྱར་བ་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཡང་གསང་བླ་མེད་ལྟར་སྦྱར་ན། སྣང་ཡུལ་བཟང་ངན་བར་མ་གསུམ་ནི་གཡོས་པ་གསུམ་མོ། །ཤེས་པ་དགག་སྒྲུབ་བར་མ་གསུམ་ནི་འུར་བ་གསུམ་མོ། །དེ་ཉིད་རང་གྲོལ་ཀུན་ཏུ་བཟང་པོ་ཐབས་ཤེས་ཟུང་འབྲེལ་གསུམ་དུ་ཤར་བས་ཆེམ་པ་གསུམ་མོ། །དེའི་ཚེ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པ་གསུམ་དུ་ཤར་བ་ནི་ཤིག་པ་གསུམ་མོ། །རང་བཞིན་རྟོགས་པས་སྤང་གཉེན་འཛིན་པ་གསུམ་ཞིག་པ་ནི་འཐོར་བ་གསུམ་སྟེ། འཁོར་བ་ཆོས་ཉིད་དུ་གྲོལ་བའི་ལྟས་ཆེན་པོ་བཅོ་ལྔའོ། །ཞེས་གསུངས།
Domain ཆོས་ལུགས།