62601

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་བ་ན་ཡོངས་སུ་མི་སྐྱོ་བའི་ཆོས་ཉི་ཤུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ དགེ་བའི་རྩ་བས་ཡང་དག་པར་ཟིན་པའི་བྱམས་པ་ཆེན་པོ། ༢ བྱམས་པ་ཆེན་པོས་ཡང་དག་པར་ཟིན་པའི་སྙིང་རྗེ་ཆེན་པོ། ༣ སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ། ༤ སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ཡང་དག་པར་ཟིན་པའི་བརྩོན་འགྲུས། ༥ བརྩོན་འགྲུས་ཀྱིས་ཡང་དག་པར་ཟིན་པའི་ལྷག་པའི་བསམ་པ། ༦ ལྷག་པའི་བསམ་པས་ཡང་དག་པར་ཟིན་པའི་ཐབས། ༧ ཐབས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ། ༨ ཤེས་རབ་ཀྱིས་ཡང་དག་པར་ཟིན་པའི་བསམ་གཏན། ༩ བསམ་གཏན་གྱིས་ཡང་དག་པར་ཟིན་པའི་མངོན་པར་ཤེས་པ། ༡༠ མངོན་པར་ཤེས་པས་ཡང་དག་པར་ཟིན་པའི་ཡེ་ཤེས། ༡༡ ཡེ་ཤེས་ཀྱིས་ཡང་དག་པར་ཟིན་པའི་བརྟུལ་བ། ༡༢ བརྟུལ་བས་ཡང་དག་པར་ཟིན་པའི་དྲན་པ། ༡༣ དྲན་པས་ཡང་དག་པར་ཟིན་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལྷག་པའི་བསམ་པ། ༡༤ བྱང་ཆུབ་སེམས་ཀྱི་ལྷག་པའི་བསམ་པས་ཡང་དག་པར་ཟིན་པའི་བསྡུ་བའི་དངོས་པོ་བཞི། ༡༥ བསྡུ་བའི་དངོས་པོ་བཞིས་ཡང་དག་པར་ཟིན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ། ༡༦ ཚུལ་ཁྲིམས་ཀྱི་སྡོམ་པས་ཡང་དག་པར་ཟིན་པའི་ནན་ཏན། ༡༧ ཐོས་པའི་ནན་ཏན་གྱིས་ཡང་དག་པར་ཟིན་པའི་གཟུངས། ༡༨ གཟུངས་ཀྱིས་ཡང་དག་པར་ཟིན་པའི་སྤོབས་པ། ༡༩ སྤོབས་པས་ཡང་དག་པར་ཟིན་པའི་བསོད་ནམས་ཀྱི་ཚོགས། ༢༠ བསོད་ནམས་ཀྱི་ཚོགས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ་ཀྱི་ཚོགས་བཅས་སོ། །
Domain ཆོས་ལུགས།