62607
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ལུས་དང་པོ་ཆགས་པའི་གནས་དེ་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་འཁོར་བའི་རྒྱུ་རིགས་དྲུག་གིས་ས་བོན་ཨ་ཎི་སུ་ཏྲི་པྲེ་དུའི་རྣམ་པར་གནས་པའོ། །དེ་ལྟར་གནས་པ་ལ་འདུན་པ་དང་ཞེན་པས་བསྐུལ་ནས་ལ་སོགས་པ་ནི། ལྷ་ཡི་ས་བོན་ཨ་ལ་ང་རྒྱལ་འདོད་ཆགས་ཀྱི་བག་ཆགས་དང་། མི་ཡི་ས་བོན་ཎི་ལ་ཕྲག་དོག་གི་འདོད་ཆགས་བག་ཆགས་དང་། ལྷ་མ་ཡིན་གྱི་ས་བོན་སུ་ལ་ང་རྒྱལ་གྱི་ཕྲག་དོག་གི་བག་ཆགས་དང་། ཡི་དྭགས་ཀྱི་ས་བོན་པྲེ་ལ་སེར་སྣའི་བག་ཆགས་དང་། དུད་འགྲོའི་ས་བོན་ཏྲི་ལ་གཏི་མུག་གི་བག་ཆགས་དང་། དམྱལ་བའི་ས་བོན་དུཿལ་ཞེ་སྡང་གི་བག་ཆགས་དང་། དེ་དག་ལས་བག་ཆགས་སོགས་ཤིང་འཁོར་བའི་རྒྱུ་འབྲེལ་བར་བྱེད་དོ། ། |
| Domain | ཆོས་ལུགས། |