62611

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་བ་འཇིག་པའི་འཁྲུལ་འཁོར་ཆེན་པོ་བཞི་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བའི་སྒྲོན་མེ་ལས་བྱུང་བ་སྟེ། ༡ ལང་ཚོ་དར་ལ་བབ་པའི་ཚེ་ན་ལུས་བཀྲག་མདངས་ལྡན་ཞིང་སེམས་སྟོབས་ཆེན་པོ་དང་ལྡན་པ་ཡིན་ཡང་འབྱུང་བ་རྒུད་ནས་རྒ་བའི་ཆད་པས་ནོན་པའི་འཚེ་བས་ཉམས་པོར་འགྱུར་བ། ༢ འདུ་བ་བཞི་པོ་མཉམ་ཞིང་རྣལ་མར་གནས་པ་ན་ནད་མེད་པའི་བདེ་བ་ཉམས་སུ་མྱོང་ཡང་དེ་རྣམས་ཆ་མི་སྙོམས་པའི་ན་བས་ལུས་སེམས་སྡུག་བསྔལ་གྱིས་དཀྲུགས་པ། ༣ འཁོར་དང་ལོངས་སྤྱོད་བསྟོད་གྲགས་ལ་སོགས་པ་ཕུན་སུམ་ཚོགས་པའི་བདེ་སྐྱིད་རྣམས་སྔོན་བསགས་དགེ་བའི་ལས་དང་ད་ལྟའི་རྐྱེན་འགའ་ཞིག་ལས་བརྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་འཕྲད་སྣང་ཉམས་དགའ་བ་ཙམ་དུ་ཡོད་པའང་འདུས་པ་འབྲལ་ཞིང་བསགས་པ་འཛད་ལ་མཐོ་བ་དམའ་པར་ལྟུང་བའི་རྒུད་པས་འཇོམས་པ། ༤ ཚེའི་འཕེན་པ་ཟད་པའམ་གློ་བུར་བའི་རྐྱེན་གྱིས་འཆི་བའི་གནོད་པས་སྲོག་འཚོ་བའི་གནས་སྐབས་ན་འདིར་སྣང་གི་བདེ་བ་ཅུང་ཟད་ཡོད་པ་དེ་ལ་རྒོལ་ཏེ་ཅིག་ཅར་དུ་འཇོམས་པ་ཡུན་རིང་བ་མ་ཡིན་པར་མྱུར་པོར་འོང་ངོ་ཞེས་འདོམས་པའོ། །
Domain ཆོས་ལུགས།