6265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅེས་པ་དྲུག་གིས་རང་ལ་བསྐུལ་བ་ (1)
Part of speech མིང་ཚིག
Definition རང་མདུན་རང་གིས་བཅད་དེ་ཆོས་ལ་འཇུག་པ་གཅེས། །རང་བསྐུལ་རང་ལ་བཏབ་སྟེ་དགེ་སྦྱོར་བསྐུལ་བ་གཅེས། །རང་གྲོལ་རང་ལ་བཏབ་སྟེ་གཉེན་པོར་བསྟེན་པ་གཅེས། །རང་ལས་རང་གིས་བྱས་ཏེ་དཀའ་བ་སྤྱད་པ་གཅེས། །རང་མགོར་རང་གིས་བཏོན་ཏེ་སྒྲུབ་པ་མཐར་ཕྱིན་གཅེས། །རང་གཉེན་རང་གིས་བསྐྱངས་ཏེ་འགྲོ་དྲུག་བསྒྲལ་བ་གཅེས། །སྤྱི་ཡི་གདམས་ངག་ཡིན་པས་སེམས་ལ་ཞོག །ཅེས་སོ། །
Domain ཆོས་ལུགས།