62653

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་བར་སྐྱེ་བ་ལེན་པའི་རྒྱུ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱང་སེམས་བསམ་བཞིན་དུ་འཁོར་བ་ལ་སྐྱེ་བ་ལེན་པའི་རྒྱུ་བརྒྱད་གསུངས་པ་དེ་ལ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་བརྒྱད་ཅེས་འཇོག རྒྱུ་བརྒྱད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མདོ་ལས། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་འཚོལ་བས་མི་ངོམས་པ་དང། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མི་སྐྱོ་བ་དང། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང། སེམས་ཅན་གྱི་བྱ་བ་ཇི་ཡོད་པ་ལ་འགྲུས་པ་དང། ཆོས་ལ་ཆགས་པའི་བསམ་པ་དང་མ༌བྲལ་བ་དང། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། ཞེས་གསུངས་པ་ལྟར་རོ། །ཞེས་གསུངས།
Domain ཆོས་ལུགས།