62656
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ། དགེ་བའི་རྩ་བ་ཡངས་ཤིང་རྒྱ་ཆེ་བའི་ཕྱིར་འཁོར་བས་ངལ་བར་མི་འགྱུར་བ། སེམས་ཅན་ལ་སོ་སོར་རྟོག་པར་བྱེད་པའི་ཕྱིར་འཁོར་བས་ངལ་བར་མི་འགྱུར་བ། རྟག་པར་དེ་བཞིན་གཤེགས་པ་རྣམས་མཐོང་ཞིང་མཆོད་པར་བྱེད་པའི་ཕྱིར་འཁོར་བས་ངལ་བར་མི་འགྱུར་བ། སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་མཐོང་བའི་ཕྱིར་འཁོར་བས་ངལ་བར་མི་འགྱུར་བ། རྟག་པར་སངས་རྒྱས་ཀྱི་མཁྱེན་པ་ཡོངས་སུ་གཉེར་བའི་ཕྱིར་འཁོར་བས་ངལ་བར་མི་འགྱུར་བ། འཁོར་བ་ནི་རྨི་ལམ་ལྟ་བུར་རབ་ཏུ་རྟོག་པའི་ཕྱིར་འཁོར་བས་ངལ་བར་མི་འགྱུར་བ། ཆོས་ཁྱད་པར་ཅན་ལ་ཞུགས་པའི་ཕྱིར་འཁོར་བས་ངལ་བར་མི་འགྱུར་བ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ཡང་དག་པར་མཐའ་ལ་སོ་སོར་རྟོག་པའི་ཕྱིར་འཁོར་བས་ངལ་བར་མི་འགྱུར་བའོ། ། |
| Domain | ཆོས་ལུགས། |