62661
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་ལོ་རེ་རེ་ཞིང་རབ་ཏུ་བྱུང་ནས། དེ་དག་ལ་འབོད་པའི་ཚེ། ལོ་གཅིག་པ་ལོ་གཉིས་པ་ལོ་ལྔ་པ་ཞེས་འབོད་པ་དང་། གཞན་གྱིས་སྨྲས་པ། ཅི་ཁྱོད་ཀྱིས་འདི་རྣམས་ཀྱི་མིང་མི་ཤེས་སམ་ཞེས་ཟེར་བ་ན། འདི་སྙེད་ཀྱི་མིང་སུས་ཤེས་པར་འགྱུར་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་མང་པོ་མི་སྐྱོང་བས་སྡོམ་པ་ཉམས་པའི་རྒྱུར་འགྱུར་བའོ། །མཁན་མོ་གང་ཞིག་གིས་ལོ་གང་ལ་རབ་ཏུ་བྱུང་བའི་ལོ་དེ་ཉིད་ལ་སྔར་རབ་ཏུ་བྱུང་ཟིན་པ་དེ་ལས་གཞན་རབ་ཏུ་འབྱིན་ནམ་ལོ་དེའི་རྗེས་སུ་ཕྱི་དེ་ལོ་ལ་གཞན་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །ལོ་དེའི་རྗེས་སུ་ལོ་གཉིས་པ་ལ་རབ་ཏུ་འབྱིན་པ་ལ་ཡང་ལྟུང་བྱེད་དུ་འགྱུར་ན་ལོ་དེ་ཉིད་ལ་ལྟ་ཅི་སྨོས་པའོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་ལོ་གསུམ་ལ་སོགས་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ལོ་གཉིས་སྦྲེལ་མར་གཞན་དང་གཞན་ལ་རབ་བྱུང་འབོགས་པ་ནི། འཁོར་མང་པོ་སོག་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |