62663

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་མང་འཇོག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་འདོད་ཆེན་གྱིས་འཁོར་མང་པོ་ཉེ་བར་བཞག་ནས་ཆོས་མི་སྟོན་གདམས་ངག་མི་སྟེར་བས། དེ་དག་མ་དུལ་མ་ཞི་མ་བསྲུངས་པར་གྱུར་པ་ལས་སོ། །དགག་བྱ་ནི་འཁོར་རྗེས་སུ་མི་སྐྱོང་པས་འཁོར་རྣམས་ཚུལ་ཁྲིམས་ཉམས་པར་འགྱུར་བའོ། །འཁོར་མང་པོ་སྟེ་འཁོར་གསུམ་ཡན་ཆད་ཉེ་བར་འཇོག་ནའོ། །དེའང་འཁོར་མང་ཉེར་འཇོག་གི་གནང་བ་མ་ཐོབ་པའི་དགེ་སློང་མས་འཁོར་གསུམ་ཡན་ཆད་ཉེ་བར་འཇོག་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་མ་གང་ལོ་བཅུ་གཉིས་ལོན་ཀྱང་འཁོར་མང་འཇོག་མི་ནུས། དགེ་སློང་མའི་དགེ་འདུན་གྱི་གནང་པ་མ་ཐོབ་བཞིན་དུ་འཁོར་མང་པོ་སྐྱོང་བ་ནི། འཁོར་མང་འཇོག་པའི་ལྟུང་བྱེད་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།