62673
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་དགེ་འདུན་མ་ལ་གནང་བ་མ་ཞུས་པར་འཁོར་ཉེ་བར་འཇོག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་འཁོར་རྗེས་སུ་མི་སྐྱོང་པས་འཁོར་རྣམས་ཚུལ་ཁྲིམས་ཉམས་པར་འགྱུར་བའོ། །འཁོར་ཉེ་བར་འཇོག་པའི་གནང་བ་མ་ཐོབ་པའི་དགེ་སློང་མ་དེས་འཁོར་གཅིག་གམ་གཉིས་ཙམ་ཉེ་བར་འཇོག་ནའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་མ་གང་ལོ་བཅུ་གཉིས་ལོན་ཀྱང་འཁོར་འཇོག་མི་ནུས། དགེ་སློང་མའི་དགེ་འདུན་གྱི་གནང་པ་མ་ཐོབ་བཞིན་དུ་འཁོར་སྐྱོང་བ་ནི། འཁོར་འཇོག་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |