62686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་ཡུག་ (1)
Part of speech མིང་ཚིག
Definition རང་ཉིད་གང་དུ་འཚོ་གནས་བྱ་ཡུལ་གྱི་རང་བྱུང་གི་སྣོད་ཀྱི་འཇིག་རྟེན་ནམ། སའི་གོ་ལ་འདི་ཉིད་ལ་དེང་སང་ཁོར་ཡུག་གམ་འཁོར་ཡུག་ཅེས་ཐ་སྙད་བྱེད། འདིའི་ནང་མཁའ་དབུགས་དང་ཆུ། རྩི་ཤིང་ནགས་ཚལ་མེ་ཏོག ས་རྡོ་རི་བྲག དེར་གནས་པའི་སྲོག་ཆགས་ཆེ་ཆུང་། གཏེར་རྫས་དང་ཉི་མའི་འགྱེད་འཕྲོ། གནམ་གཤིས་ཚ་གྲང་སོགས་མདོར་ན་རང་བྱུང་གི་འབྱུང་བའི་ཁམས་དང་དེར་གནས་པའི་སེམས་ཅན་གཉིས་ཀ་འདུས་ཡོད།
འཁོར་ཡུག་ (2)
Part of speech མིང་ཚིག
Definition མཐའ་སྐོར་གྱི་མིང་།
འཁོར་ཡུག་ (3)
Part of speech མིང་ཚིག
Definition ང་ཉིད་སྡོད་སའི་ཉེ་སྐོར་སོགས་ཀྱི་མིང་།