62822

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོལ་ (1)
Part of speech བྱ་ཚིག
Definition གཡོག་འཁོར་སོགས་རང་ཉིད་ཀྱི་འདོད་པ་བཞིན་བེད་སྤྱད་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [དགོལ།, དགོལ་བྱའི་གཡོག་འཁོར་ལ་བྱམས།]
Present [འཁོལ།, མི་དམངས་འཁོལ་མཁན་གྱི་དཔོན་པོ།]
Past [བཀོལ།, དངུལ་བཀོལ་ནས་མི་སེམས་བསླུས།]
Imperative [ཁོལ།, དགོས་མཁོ་ཡོད་དུས་དངུལ་ཁོལ་ཅིག་ལྟ་བུ།]
འཁོལ་ (2)
Part of speech བྱ་ཚིག
Definition སྟོབས་ནུས་ལ་བརྟེན་ནས་གཡོག་འཁོར་སོགས་རང་དབང་དུ་གྱུར་པའི་དོན།
Future [བཀོལ།, ནུས་པ་སྤྱད་ནས་མི་མང་གྲོགས་སུ་བཀོལ་དགོས།]
Present [འཁོལ།, འབངས་འཁོལ་མཁན་གྱི་བློན་པོ་རིག་པ་ཅན།]
Past [བཀོལ།, སྟོབས་ཀྱིས་དགྲ་སྡེ་འབངས་སུ་བཀོལ།]
Imperative [ཁོལ།, མ་རུངས་པ་འབངས་སུ་ཁོལ་ཅིག་ལྟ་བུ།]
འཁོལ་ (3)
Part of speech བྱ་ཚིག
Definition ཆུ་སོགས་ཁོལ་གྱི་མ་འོངས་པ།
Transitive བྱ་བྱེད་ཐ་མི་དད་པ།
Future [འཁོལ།]
Present [ཁོལ།]
Past [ཁོལ།]