62878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྱར་བོན་ (1)
Part of speech མིང་ཚིག
Definition ཁ་ཆེའི་ཡུལ་དང༌། བྲུ་ཤ ཞང་ཞུང་གསུམ་གྱི་བོན་པོ་གསུམ་བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོའི་གྲི་ཤིད་ལ་གདན་དྲངས་ཤིང་གཅིག་གིས་གེ་གོང་ཁྱུང་དང་མེ་ལྷ་བསྒྲུབས་པ་ལ་བསྟེན་ནས་རྔ་བཞོན་ཏེ་ནམ་མཁའ་ལ་འགྲོ་བ་དང༌། སྟོར་བའི་དངོས་པོ་ལེན་པ་དང༌། བྱ་སྒྲོས་ལྕགས་གཅོད་པ་སོགས་ཀྱི་ནུས་པ་བསྟན། གཅིག་གིས་ཇུ་ཏིག་དང་སོག་དམར་ལ་སོགས་པ་ལ་མོ་བཏབ་ནས་ལེགས་ཉེས་གཏན་ལ་འབེབས། གཅིག་གིས་གཤིན་པོ་འདུར་བ་དང༌། གྲི་འདུལ་བ་ལ་སོགས་པ་ཤིད་ཀྱི་བྱེད་སྒོ་ཤེས། ཁོང་གསུམ་གྱིས་བོན་གྱི་ལྟ་བ་གསར་པ་ཞིག་བཟུང་བ་བོད་དུ་དར་སྤེལ་བྱུང་བ་ལ་འཁྱར་བོན་ཞེས་གྲགས་པ་དང༌། ལྟ་བ་དེ་ནི་རྒྱ་གར་གྱི་མུ་སྟེགས་དབང་ཕྱུག་པའི་ལྟ་བ་བོན་གྱི་ཆོས་ལུགས་དང་འདྲེས་པ་ཞིག་ཡིན་ཞེས་ཟེར་ཚུལ་ཡོད་པ་ཐུའུ་བཀྭན་རིན་པོ་ཆེས་གསུངས། དེ་ནི་བོད་དུ་ཡོད་པའི་བོན་གྱི་ནང་གསེས་བྱེ་བྲག་པ་ཞིག་ལ་ལྟ་ཚུལ་དེ་འདྲ་ཡོད་པར་གསུངས་པ་ལས་བོད་ཀྱི་བོན་ཆོས་ཡོད་ཚད་ཀྱི་ལྟ་བ་ལ་མུ་སྟེགས་དབང་ཕྱུག་པའི་ལྟ་བ་འདྲེས་ཡོད་པར་གསུངས་པ་དེ་འདྲ་མིན་ལ། ཁྱད་པར་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་བཤད་ཚུལ་དེ་འདྲ་མེད།