62936

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྱོག་བརྗོད་ (1)
Part of speech མིང་ཚིག
Definition རང་བཞིན་དྲང་པོའི་ངག་གིས་བརྗོད་པ་མ་ཡིན་པའི་རྩོམ་རིག་གི་ཉམས་འདོན་སྟངས་ཤིག་སྟེ། དཔེ་རུ་འགོད་པ་དང་སྒྲོ་བཏགས་བྱེད་པ་སོགས་ཀྱི་སྐད་ཆའི་སྒྱུ་རྩལ།
Example རང་བཞིན་དྲང་པོར་བརྗོད་པའི་རྒྱན་དང་འཁྱོག་བརྗོད་ཀྱི་རྒྱན་ཞེས་པ་ལྟ་བུ།
འཁྱོག་བརྗོད་ (2)
Part of speech མིང་ཚིག
Definition གཏམ་ཀྱོག་ཀྱོག་བཤད་པའམ་དྲང་པོ་མིན་པའི་སྐད་ཆ་བཤད་པ།
Example གཟུ་བོར་མི་གནས་པའི་འཁྱོག་བརྗོད་ཀྱི་སྐད་ཆ་ཞེས་པ་ལྟ་བུ།