62999

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲིག་ཚིག་གི་དགེ་འདུན་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྷག་མ་བཅུ་གསུམ་གྱི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་འཕྱར་ཀས་བུད་མེད་ལ་འཁྲིག་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགས་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བ་དང་། ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་བུད་མེད་ལ་འཁྲིག་པ་གསལ་བར་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འཁྲིག་ཚིག་ཅེེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལས། ཡུལ་མིའི་བུད་མེད། མཚན་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། རྗུ་འཕྲུལ་མ་ཐོབ་པའོ། །གང་བརྗོད་པའི་དངོས་པོ་ཡུལ་དུས་དེར་འཁྲིག་པར་གྲགས་པའོ། །ཀུན་སློང་འཁྲིག་པ་སྨྲ་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའི་སོགས་སོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་ཡུལ་དེས་དོན་གོ་བའོ། །ཞེས་ཀུན་མཁྱེན་གོ་རམས་པས་འདུལ་བའི་སྤྱི་དོན་ལས་གསུངས་སོ། ། མཚན་གཞི་ནི། བཅས་ལྡན་དགེ་སློང་གིས་ཡུལ་བུད་མེད་ལ་འཁྲིག་ཚིག་སྨྲས་ཤིང་། བུད་མེད་ཀྱིས་ཀྱང་བརྡ་དོན་འཕྲོད་པའི་དོན་དེ་གོ་བའི་བཅས་པའི་ཁ་ན་མ་ཐོ་བ་ནི་འཁྲིག་ཚིག་སྨྲ་བའི་དགེ་འདུན་ལྷག་མའི་ལྟུང་བ་ཡིན་ཏེ། མདོ་རྩར་འཁྲིག་པ་སྨྲ་ནའོ། །རྒྱ་ལ་སོགས་པའི་དོན་གྱིས་སོ། །གང་ལ་གོ་བར་བྱ་བ་ཉིད་དེ། བརྡ་འཕྲོད་པ་ན་མཐའོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་གསུངས་སོ། །
Domain ཆོས་ལུགས།