63000
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་བུད་མེད་ཀྱི་མཚན་དོན་ནུས་ལྡན་ལ་ངག་མཚན་ཉིད་ལྔ་ལྡན་གྱིས་འཁྲིག་ཚིག་སྨྲས་པ་ཡུལ་དེས་དོན་གོ་བ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་ཐ་སྙད་བཞི་དང་ལྡན་པ། ལུས་སྟེན་དུ་རུང་ཞིང་ཐ་མལ་དུ་གནས་པ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ལ་འདུ་ཤེས་མ་འཁྲུལ་བར་ཀུན་སློང་འཁྲིག་ཚིག་སྨྲ་འདོད་ཀྱིས་རང་དོན་དུ་སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲས་པ་མཐར་ཐུག་ཡུལ་དེས་དོན་གོ་བ་ན་ལྷག་མར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་བུད་མེད་ལ་འཁྲིག་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་འདི་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བ་དང་། ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །ཞེས་གསུངས། |
| Domain | ཆོས་ལུགས། |