63011

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲིལ་བ་ཉིད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། འཁྲིལ་བ་ཉིད་ནི་ན་བཟའ་དཀར་མོ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ན་བཟའ་དཀར་མོ་ལ་ནི། འཁྲིལ་བ་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ཆེན་པོའི་མེ་ཡིས་འཁྲིལ་བའི་ཕྱིར་ན་འཁྲིལ་བའོ། །ཞེས་གསུངས། མཚན་གྱི་རྣམ་གྲངས་ལ། ཡུམ་གོས་དཀར་མོ་དང་ལྷ་མོ་ན་བཟའ་དཀར་མོ་ཞེས་ཀྱང་གསུངས།
Domain ཆོས་ལུགས།