63053

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུགས་སྡེབ་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། འཁྲུགས་སྡེབ་བརྒྱད་ནི། ལྕགས་འདྲའི་འཁྲུལ་འཁོར་ལ་འཁྲུལ་འཁོར་དང་། འཁོར་ལོ་ཉི་མ་བཞི་པ་རྐྱང་པར་བསྐོར་བ་གཉིས་སུ་ཡོད་པའི་ཡ་གྱལ། འཁྲུལ་འཁོར་གྱི་བྱེ་བྲག་འཁྲུལ་འཁོར་ཆེན་པོ་གསང་བ་དགུ་སྐོར་གྱི་ནང་གསེས་ཏེ། བཀའ་བརྒྱད་རྣམ་བཤད་ལས། ལྕགས་འདྲའི་འཁྲུལ་འཁོར་ལ། འཁྲུལ་འཁོར་དང་། འཁོར་ལོ་ཉི་མ་བཞི་པ་རྐྱང་པར་བསྐོར་བའོ། །དང་པོ་འཁྲུལ་འཁོར་ལ་གཉིས་ཏེ། འཁྲུལ་འཁོར་ཆེན་པོ་གསང་བ་དགུ་སྐོར། འཁྲུལ་འཁོར་ཆུང་ངུ་ཕྱི་ནང་དྲུག་སྐོར་རོ། །དང་པོ་ལ་འཁྲུལ་འཁོར་བསྐོར་བ། འཁྲུགས་སྡེབ། གཞུང་བསྲང་གསུམ། ཞེས་དང་། གཉིས་པ་འཁྲུགས་སྡེབ་ནི། མེ་ལོང་ཆེ་ཆུང་གཉིས། མཚོན་རྡེབ་ཆེ་ཆུང་གཉིས། དམིགས་གསལ་ཆེ་ཆུང་གཉིས། ལྡེའུ་མིག་ཆེ་ཆུང་གཉིས་སྟེ་བརྒྱད་དོ། །ཞེས་གསུངས།
Domain ཆོས་ལུགས།